དབུ་མ་བཞི་བརྒྱ་པ། 01 མི་རྟག་པ་སྒོམ་ཚུལ་དངོས། མཁན་ཆེན་བསོད་ནམས་རྒྱ་མཚོ།

Sdílet
Vložit
  • čas přidán 3. 02. 2023
  • དངོས་བསྟན་སྟོང་ཉིད་ཀྱི་ལྟ་བ་གཙོ་བོར་སྟོན་པའི་བསྟན་བཅོས་ལེའུ་བཅུ་དྲུག་གི་བདག་ཉིད་ཅན་ཞིག་སྟེ། རྒྱ་གར་གྱི་སློབ་དཔོན་ཨརྱ་དེ་བའམ་འཕགས་པ་ལྷས་མཛད། ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུང་རིན་ཆེན་སྦས་པའི་ཀུན་དགའ་ར་བར། རྒྱ་གར་གྱི་མཁན་པོ་སུ་སྨྲ་ཛཱ་ན་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར།
    དབུ་མ་བཞི་རྒྱ་པ། རབ་བྱེད་དང་པོ་རྟག་པར་འཛིན་པ་སྤོང་བའི་ཐབས་བསྟན་པ་ལ། མི་རྟག་པ་སྒོམ་ཚུལ་དངོས་དང་། ཕན་ཡོན་བཤད་པ་གཉིས། དང་པོ་ལ། རགས་པ་རྒྱུན་གྱི་མི་རྟག་པ་དང་། ཕྲ་བ་སྐད་ཅིག་གི་མི་རྟག་པ་གཉིས་ལས། དང་པོ་ནི།
    རྩ་བར།
    གང་ལ་འཇིག་རྟེན་གསུམ་མངའ་བདག །
    རང་ཉིད་འཆི་བདག་བྱེད་པོ་མེད། །
    ཡོད་དེས་རྣལ་བཞིན་གཉིད་ལོག་ན། །
    དེ་ལས་མ་རུངས་གཞན་ཅི་ཡོད། །
    འཆི་བར་བྱ་ཕྱིར་སྐྱེས་གྱུར་ཅིང་།།
    གཞན་དབང་འགྲོ་བའི་ངང་ཅན་ལ།།
    འཆི་བར་བྱ་བ་ལྟར་སྣང་སྟེ།།
    གསོན་པ་བྱ་བ་མིན་ལྟར་རོ།།
    ཁྱོད་ཀྱིས་འདས་དུས་འཐུང་ངུ་ལྟར། །
    མཐོང་ཞིང་མ་འོངས་གཞན་དུ་ན། །
    ཁྱོད་མཉམ་མི་མཉམ་ལྟར་སེམས་དེ། །
    གསལ་བར་འཇིགས་པའི་འོ་དོད་འདྲ། །
    གཞན་དག་ལ་ཡང་སྤྱི་མཐུན་ཕྱིར།།
    ཁྱོད་ལ་འཆི་བའི་འཇིགས་མེད་ན།།
    གཅིག་ལ་གནོད་གང་དེ་ཕྲག་དོག །
    སྒོ་ནས་སྡུག་བསྔལ་སྐྱེད་འགྱུར་རམ།།
    རྣལ་འབྱོར་སྤྱོད་པ་དབུ་མ་བཞི་བརྒྱ་པའི་འཆད་ཁྲིད། དང་པོ། /01 /⁰༡
    #Khenchen_Sonam_Gyatso_Teachings

Komentáře • 3