དབུ་མ་འཇུག་པའི་འཆད་ཁྲིད། མཁན་ཆེན་བསོད་ནམས་རྒྱ་མཚོ། 01

Sdílet
Vložit
  • čas přidán 11. 01. 2023
  • དབུ་མ་འཇུག་པའི་འཆད་ཁྲིད། དང་པོ།
    རྒྱ་གར་སྐད་དུ། མ་དྷྱཱ་མ་ཀ་ཨ་བ་ཏཱ་ར་ནཱ་མ། བོད་སྐད་དུ། དབུ་མ་ལ་འཇུག་པ་ཞེས་བྱ་བ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
    ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང༌། །
    སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌། །བྱང་ཆུབ་སེམས་ནི་རྒྱས་སྲས་རྣམས་ཀྱི་རྒྱུ། །
    གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །
    ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །
    དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང༌། །བདག་གིས་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །
    ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །
    འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། །
    དབུ་མ་ལ་འཇུག་པ་ནི། དབུ་མ་ལ་འཇུག་པ་ཞེས་བྱ་བ་དབུ་མའི་གཞུང་རྩ་བ་ཤེས་རབ་ལ་འཇུག་ཚུལ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀྱི་སྒོ་ནས་འཇུག་པར་བྱ་བའི་ཕྱིར་དུ་རྒྱ་གར་གྱི་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་མདོ་སྡེ་ས་བཅུ་དང་འབྲེལ་བའི་སེམས་བསྐྱེད་བཅུའི་རབ་བྱེད་ཅན་གྱི་རྩ་འགྲེལ་གཉིས་ལྡན་གྱི་གཞུང་ཞིག་སློབ་དཔོན་ཟླ་བ་གྲགས་པས་སྦྱར། རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང་། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ལ་ཤ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བ་ལྟར་ཅུང་ཟད་བཅོས། ཟུར་མཆན། ཆོས་ཚན་འདི་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་གཉིས་ལ་མི་བཞུགས། བསྟན་འགྱུར་དབུ་མ་འ་པར་བཞུགས།
    མཛད་པ་པོ། སློབ་དཔོན་ཟླ་བ་གྲགས་པ།
    འཆད་ཁྲིད། མཁན་ཆེན་བསོད་ནམས་རྒྱ་མཚོ།
    དབུ་མ་འཇུག་པའི་འཆད་གནང་མཁན་གཞན་རྣམས་ཀྱང་དྲྭ་ཐག་འོག་ན་བཞག་ཡོད།
    Gomde Lharampa : https: // • དབུ་མ་ལ་འཇུག་པའི་འཆད་ཁ...
    ལྷ་རམས་པ་དགེ་རྣམ་བློ་བཟང་གྲགས་པ། : • དབུ་མ་ལ་འཇུག་པ། ༡
    དགེ་བཤེས་བློ་བཟང་བརྩོན་འགྲུས། : • དབུ་མ་འཇུག་པ། སེམས་བསྐ...

Komentáře • 5

  • @angpasangsherpa813
    @angpasangsherpa813 Před 6 měsíci

    ཐུགས་རྗེ་ཆེ་

  • @johnjessie3083
    @johnjessie3083 Před 5 měsíci

    བཀའ་དྲིན་ཆེའོ❤♥️🙏♥️❤️

  • @lhakpatsering6123
    @lhakpatsering6123 Před 3 měsíci

    འགྲེལ་བརྗོད་ཟབ་པོ་བསྐྱོན་གྱི་འདུག བཀྲིན་ཤིན་ཏུ་ཆེ། 🙏🏾🌹🙏🏾💐

  • @BelieveInTheTruth.
    @BelieveInTheTruth. Před 10 měsíci

    🏵️🙏🙏🙏🏵️

  • @korashortss
    @korashortss Před měsícem

    🙏🙏🙏