རིན་ཆེན་སྒྲོལ་མ། འབྲོག་པ། གཞས་ཚིག་འོག་ཏུ་ཡོད།།👇

Sdílet
Vložit
  • čas přidán 29. 02. 2024
  • གཞས། འབྲོག་པ།
    ཚིག གངས་དཔལ།
    དབྱངས། རིན་ཆེན་སྒྲོལ་མ།
    གཞས་མ། རིན་ཆེན་སྒྲོལ་མ།
    གཤོག་པས་ས་ཆེན་ལ་བསིལ་བ་གནང་བའི་ཁྱུང་ཆེན་གྱི་སྤྲུལ་བ།
    བརྟན་གཡོའི་རྔམ་ཟིལ་གྱི་མཛེས་སྡུག་ཁུར་བའི་ཡ་གླིང་གི་སེང་གེ།
    གདོང་ལ་ཉི་དྲགས་ཆགས་པའི་སྒམ་བརླིང་གི་འབྲོག་པ།
    རུས་པ་རང་བྱུང་ལ་བསྟིམས་ཤིང་།
    ཤ་ཁྲག་རྒོད་པོར་སྦྱིན་པའི་མགོན་མེད་མེད་ཀྱི་ཟས་སྦྱིན།
    ཤ་ཁྲག་རྒོད་པོར་སྦྱིན་པའི་མགོན་མེད་མེད་ཀྱི་ཟས་སྦྱིན།
    ཁྱེད་ཀྱི་རང་གཤིས་སྲ་བརྟན་ཡིན་པ་ནི་རི་བྲག་ལ་དཔེ་བལྟས་པས་ཡིན།
    ཁྱེད་ཀྱི་བློ་ཁོག་དཀྱེལ་ཆེ་བ་ནི་རྩྭ་ཐང་ལ་གླན་པས་ཡིན།
    ཁྱེད་ཀྱི་སྐད་གསང་མཐོ་བ་ནི་རྫ་ཆུས་ངག་སྒོ་ཕྱེས་པས་ཡིན།
    ཁྱེད་ཀྱི་གཤིས་ཀ་མཁྲེགས་པ་ནི་རྐྱང་འབྲོག་ལ་འདྲིས་ཆེ་བས་ཡིན།
    ***
    ཐུགས་བསྐྱེད་གངས་ལ་བཞག་པས་བསམ་པ་དཀར།
    གངས་ཆུ་རུས་ལ་འཐིམ་པས་གཞུང་རྒྱུད་དྲང་།
    ས་བདག་གཞི་བདག་ལ་སྐྱེས་པའི་མེས་པོའི་རྣམ་ཤེས།
    ནམ་མཁའ་དང་སྤྲིན་དཀར་གོས་སུ་གོན་པའི་འབྲོག་པ་ཡ།
    ཁྱེད་ཀྱིས་རང་ཉིད་སྐྱེས་རི་དང་ཉེ་བར་བཏུད་དེ།
    ཉི་ཟླའི་འོད་ཟེར་གྱིས་བཀྲུས་པའི་དྭངས་གཙང་གི་སེམས་པ་ཡང་རང་བྱུང་ལ་ཕུལ་ཡོད།
    གཤོག་པས་ས་ཆེན་ལ་བསིལ་གནང་བའི་ཁྱུང་ཆེན་གྱི་སྤྲུལ་བ།
    བརྟན་གཡོའི་རྔམ་ཟིལ་གྱི་མཛེས་སྡུག་ཁུར་བའི་ཡ་གླིང་གི་སེང་གེ།
    གདོང་ལ་ཉི་དྲེག་ཆགས་པའི་སྒམ་བརླིང་གི་འབྲོག་པ།
    རུས་པ་རང་བྱུང་ལ་བསྟིམས་ཤིང་།
    ཤ་ཁྲག་རྒོད་པོར་སྦྱིན་པའི་མགོན་མེད་ཀྱི་ཟས་སྦྱིན།
    ཤ་ཁྲག་རྒོད་པོར་སྦྱིན་པའི་མགོན་མེད་ཀྱི་ཟས་སྦྱིན།
    ཁྱེད་ཀྱི་རང་གཤིས་སྲ་བརྟན་ཡིན་པ་ནི་རི་བྲག་ལ་དཔེ་བལྟས་པ་ཡིན།
    ཁྱེད་ཀྱི་བློ་ཁོག་དཀྱེལ་ཆེ་བ་ནི་རྩྭ་ཐང་ལ་བྲང་ཁ་གླན་པས་ཡིན།
    ཁྱེད་ཀྱི་སྐད་གསང་མཐོ་བ་ནི་རྫ་ཆུས་ངག་སྒོ་ཕྱེས་པས་ཡིན།
    ཁྱེད་ཀྱི་གཤིས་ཀ་མཁྲེགས་པ་ནི་རྐྱང་འབྲོག་ལ་འདྲིས་ཆེ་བས་ཡིན། ཧ་འོ
    ***
    འབྲོག་པ་ཡ།།

Komentáře •