༼ མགྲོན་པོ་ལགས ༽ སྨན་བླ་སྐྱབས་ཀྱི་ཚིག དཔལ་མགོན་གྱི་དབྱངས། ( Hello Guest )

Sdílet
Vložit
  • čas přidán 11. 06. 2024
  • #tibetanmusic #tibetannewsong #tibetansong
    མགྲོན་པོ་ལགས་ཁྱོད་དལ་མོ་བྱོས།
    རི་ཤེལ་དཀར་འདྲ་བའི་གཡས་ཟུར་ན།
    སྤང་གོས་ལྗང་འདྲ་བའི་གཡོན་ཟུར་ན།
    ལུག་གཡང་དཀར་འབའ་སྒྲ་ལྷང་ལྷང་ལྷང་།
    གནས་དེ་ནི་ང་ཡི་ཕ་ཡུལ་ཡིན།
    འཇའ་སྣ་ལྔའི་གུར་ཁང་འདི་ན་གསལ།
    ཞོ་འོ་མའི་རྒྱ་མཚོ་འདི་ན་འཁྱིལ།
    མགྲོན་པོ་ལགས་ཁྱོད་དལ་མོ་བྱོས།
    མགྱོགས་རྟ་བོའི་བང་ཁ་འདི་ལ་དཀྱོགས།
    མགྲོན་པོ་ལགས་ཁྱོད་དལ་མོ་བྱོས།
    ནགས་སྤོས་གླིང་འདྲ་བའི་གཡས་ཟུར་ན།
    བྲག་རྟ་རྔོག་འདྲ་བའི་གཡོན་ཟུར་ན།
    འབྲི་མཛོ་མོའི་ངུར་སྒྲ་ལྷང་ལྷང་ལྷང་།
    གནས་དེ་ནི་ང་ཡི་ཕ་ཡུལ་ཡིན།
    སྦྲ་དཀར་ནག་གུར་ཚོམ་འདི་ན་འཛུམ།
    དར་དཀར་བོའི་ཁ་བཏགས་འདི་ན་དར།
    མགྲོན་པོ་ལགས་ཁྱོད་དལ་མོ་བྱོས།
    མགྱོགས་རྟ་བོའི་བང་ཁ་འདི་ལ་དཀྱོགས།
    མགྲོན་པོ་ལགས་ཁྱོད་གླུ་ལ་ཉོན།
    རྩིག་བྲག་རི་འདྲ་བའི་གཡས་ཟུར་ན།
    ཐབ་ནོར་བུ་འདྲ་བའི་གཡོན་ཟུར་ན།
    བུ་བུ་མོའི་གླུ་སྐད་སེང་སེང་སེང་།
    གནས་དེ་ནི་ང་ཡི་ཕ་ཡུལ་ཡིན།
    ཟས་སྣ་ཚོགས་སྡེར་ཁ་འདི་ན་འཛོམས།
    ཇ་ཆང་གི་རྒྱ་མཚོ་འདི་ན་འཁྱིལ།
    མགྲོན་པོ་ལགས་ཁྱོད་དལ་མོ་བྱོས།
    མགྱོགས་རྟ་བོའི་བང་ཁ་འདི་ལ་དཀྱོགས།

Komentáře •