གཡུ་སྦྲང་ལགས་འཚང་ཀ་ཤིག་ཤིག།| Yudrang la Tsangka Shik Shik |Tibetan latest Gorshay | New Gorshay song

Sdílet
Vložit
  • čas přidán 21. 08. 2024
  • Camerawoman :. Dolma Tsering & Sonam Dolma
    Editor : Chemi Dolkar
    གཞས་པ། བསྟན་འཛིན་ཆོས་རྒྱལ། (Namsa MArpo)
    གཞས་ཚིག།
    ཡར་འགྲོ་ཆ་རི་བོ་འོག་ནས། མེ་ཏོག་རྣམ་པ་བཀྲ་བྱུང།
    མཛེས་པའི་རིག་འཛིན་དབང་མོ། རྨ་བྱ་བཞིན་སྒྲོ་ལས་ཚ་བ།
    མེ་ཏོག་བཀྲག་མདངས་ཆེ་བ། དྲི་ཞིམ་མངར་གསུམ་ལྡན་སོང།
    རིག་འཛིན་དབང་མོ་ཞལ་རས། པདྨ་དཀར་པོའི་རོ་མང་བདུད་རྩི་མེ་ཏོག།
    གཡུ་སྦྲང་ལགས་འཚང་ཀ་ཤིག་ཤིག། གཡུ་སྦྲང་ལགས་འཚང་ཀ་ཤིག་ཤིག།
    བར་ལ་སྤང་གི་མེ་ཏོག། ལྡུམ་ར་ནང་གི་མེ་ཏོག་པདྨ།
    མཛེས་པའི་ཅིལ་ཅིལ་ལ་མོ། མེ་ཏོག་གི་གང་ལ་འཕུར་སོང།
    དེ་འདྲ་དྲི་ཞིམ་ལ་མེ་ཏོག། ཅིལ་ཅིལ་ལྷ་མོ་འཁོར་སོང།
    ཅི་ལ་ཅི་ཅིལ་ཅིལ་ལྷ་མོ། མེ་ཏོག་གི་གང་ལ། འཕུར་ཞིང། འབབ་ཞིང། ལྡིང་སོང།
    དེ་འདྲ་ཅིལ་ཅིལ་ལྷ་མོ། དེ་འདྲ་ཅིལ་ཅིལ་ལྷ་མོ།
    མ་ལ་རྒྱུགས། རི་བོ་འོག་ནས། རྒྱུགས་ཆུ་དྭངས་གཙང་ལ་རྒྱུགས།
    མཛེས་པའི་ཉ་ཆུང་སེར་མོ། ངོམ་ཞིང་ངོམ་ཞིང་ལ་རྒྱུགས།
    དེ་འདྲ་ལ་དྭངས་གཙང་རྒྱུགས་ཆུ། ཉ་ཆུང་སེར་མོ་འཁོར་སོང།
    མཛེས་པའི་ཉ་ཆུང་སེར་མོ། རྒྱུགས་ཆུ་ནང་ལ་ངོམ་ཞིང་ངོམ་ཞིང་རྒྱུགས་སོང།
    དེ་འདྲ་ལ་ཉ་ཆུང་སེར་མོ། དེ་འདྲ་ལ་ཉ་ཆུང་སེར་མོ།
    གཡུ་སྦྲང་ལགས་འཚང་ཀ་ཤིག་ཤིག། གཡུ་སྦྲང་ལགས་འཚང་ཀ་ཤིག་ཤིག།

Komentáře • 38