༄༅། །མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་མཆོག་ནས་༸རྒྱལ་བ་འབྲི་གུང་བཀའ་བརྒྱུད་ཀྱི་བྱུང་རིམ་ངོ་སྤྲོད།

Sdílet
Vložit
  • čas přidán 8. 11. 2020
  • ༸རྒྱལ་བ་འབྲི་གུང་བཀའ་བརྒྱུད་ཀྱི་བྱུང་རིམ་ངོ་སྤྲོད་གནང་མཁན་འབྲི་གུང་བཀའ་བརྒྱུད་བྱང་ཆུབ་གླིང་གི་མཁན་ཆེན་ཁྲི་རབས་གཉིས་པ། མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་མཆོག་ནི། སྤྱི་ལོ ༡༩༧༦ ལོར་སྐུ་འཁྲུངས་ཤིང་། སྤྱི་ལོ ༡༩༨༦ ལོར་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས་གནང་མཛད། སྤྱི་ལོ ༡༩༩༢ ལོ་ནས་བཟུང་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་བྱང་ཆུབ་གླིང་དང་། འཕགས་ཡུལ་རྫོང་སར་བཤད་གྲྭ་བཅས་ལ་ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ་དང་། ཐུན་མིན་གཞུང་ཆེན་ཁག ། ཁྱད་པར་རང་ལུགས་ཕ་ཆོས་དགོངས་གཅིག་དང་བསྟན་སྙིང་སོགས་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པ་གནང། དེ་རྗེས་སྤྱི་ལོ ༢༠༠༡ ནས་བཟུང་འབྲི་གུང་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གི་བཀའ་དགོངས་བཞིན་རྒྱལ་བ་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་བྱང་ཆུབ་གླིང་དུ། གཞུང་ཆེན་མོ་དག་ལ་དཔེ་ཁྲིད་ཀྱི་ཐུགས་འགན་གནང་སྟེ། ད་བར་མི་ལོ་ཉི་ཤུ་ལྷག་རང་བསྟན་ལ་དོན་ཕན་གྱི་སྲི་ཞུ་བསྒྲུབས་གནང་མཛད། སྤྱི་ལོ ༢༠༠༤ ལོར་འབྲི་གུང་སྤྲེལ་ལོའི་བཀའ་ཆོས་ཆེན་མོའི་སྐབས་༸རྒྱལ་བ་འབྲི་གུང་པ་ཆེན་པོ་མཆོག་གིས་མཁན་པོའི་མཚན་གནས་བསྩལ་ཞིང་། བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་དུ། གཙོ་བོ་བཤད་སྒྲུབ་གཉིས་ལས་བཤད་གྲྭའི་ཐོག་ཏུ་ཐུགས་འགན་ཆེས་ཆེར་བཞེས་གནང་མཛད་བཞིན་པ་མ་ཟད། སྤྱི་ལོ ༢༠༠༥ ནས་བཟུང་ལོ་ལྟར་དགུན་ཁ་ཟླ་བ་བཞི་དང་ལྔའི་རིང་ཕྱི་རྒྱལ་གྱི་སྐད་སྒྱུར་བ་ཁག་ཅིག་དང་ལྷན་གསུང་རབ་སྒྱུར་ཞུས་གནང་རྒྱུའི་ཐོག་འགན་འཛིན་དང་ཕྱག་དཔེ་ཁྲིད་གནང་མཛད། སྤྱི་ལོ ༢༠༠༨ ནས་བཟུང་ལོ་ལྟར་དབྱར་དུས་གུང་སེང་དང་བསྟུན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་དང་། སྤྱི་ལོ ༢༠༡༣ ལོར་འབྲི་གུང་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་འབྲི་གུང་བཀའ་བརྒྱུད་ཀྱི་གདན་སའི་མཁན་ཆེན་ཁྲི་རབས་གཉིས་པའི་མཚན་གནས་བསྩལ། དེ་རྗེས་འབྲི་གུང་༸སྐྱབས་མགོན་མཆོག་གིས་ཆེད་བཙུགས་གནང་བའི་བི་ཀ་མ་ལ་ཤི་ལའི་སྒྲ་སྒྱུར་ཁང་གི་འགན་འཛིན་དང་། ཡིག་སྒྱུར་དང་དཔེ་ཁྲིད་བཅས་ཀྱི་ཕྱག་ལས་གནང་མུས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལྷན་ཁང་ནས་བཙུགས་གནང་བའི་མཁས་པའི་ཚོགས་ཆུང་གི་ཚོགས་མི། དེ་བཞིན་འབྲི་གུང་༸སྐྱབས་མགོན་མཆོག་གིས་གསར་བསྐྲུན་གནང་བའི་མཉན་ཡོད་ནང་པའི་དུས་སྟོན་ཆེན་མོའི་ཆོས་ཕྱོགས་ལས་རིམ་ཀྱི་འགན་འཛིན་བཅས་ཀྱི་ཐུགས་འགན་བཞེས་གནང་མཛད་བཞིན་པ་བཅས།།

Komentáře •