༸གོང་ས་མཆོག་ནས་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེར་ཐུགས་སྨོན། Dalai Lama Prays For Thizur Rinpoche 🙏

Sdílet
Vložit
  • čas přidán 8. 12. 2022
  • ཡིད་སྐྱོའི་གནས་ཚུལ།
    ༄༅༎ བོད་རྒྱལ་ལོ་ ༢༡༤༩ རབ་བྱུང་ ༡༧ རབ་གནས་ཆུ་སྟག་ལོའི་བོད་ཟླ་ ༡༠ ཚེས་ ༡༦ སྔ་མ་དང༌། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༨ ཉིན་གྱི་དགོང་མོའི་ཕྱག་ཚོད་ ༩།༡༥ ཐོག་རྒྱལ་བསྟན་སྤྱི་དང་ལྷག་པར་བོད་ རྒྱུད་ནང་བསྟན་གྱི་བསྟན་པ་ལ་ཤིན་ཏུ་བཀྲིན་ཆེ་བའི་དགའ་ལྡན་ཁྲི་ཐོག་ ༡༠༢ པ་༸སྐྱབས་རྗེ་ཁྲི་ཟུར་རི་རྫོང་ སྲས་རིན་པོ་ཆེ་༸རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་དཔལ་བཟང་པོ་མཆོག་རེ་ཞིག་ དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་གནས་ཚུལ་ཐོན་པར་བདག་ཅག་གདན་ས་བཀྲ་ཤིས་ལྷུན་པོའི་ མཁན་བླ་འདུས་མང་ཡོངས་ནས་མྱ་ངན་ཞུ་བ་འབྲེལ། དགོངས་རྫོགས་མཆོད་འབུལ་དུ་འདུས་མང་ཡོངས་ ནས་རྒྱན་འཇུག་གཉིས་ཀྱི་རྩ་བ་གསུང་འདོན་ཞུས་ཐོག བསྟན་པ་དང་འགྲོ་བའི་དོན་དུ་རྗེ་བཙུན་བླ་མའི་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པའི་གསོལ་འདེབས་ཞུ་རྒྱུ་བཅས།🙏🙏🙏
    ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༩ ཉིན་ལ།།
    དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་སྤྲུལ་ཐུབ་བསྟན་ཉི་མ་རིན་པོ་ཆེ་མཆོག་ (༢༠༢༢/༡༢/༨/ )དགུང་མོ་རྒྱ་གར་ཆུ་ཚོད ༩ /༡༥)ཐོག་རྒྱ་གར་ལྷོ་ཕྱོགས་གདན་ས་འབྲས་སྤུངས་རེ་རྫོང་བླ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམས་འདུག
    #Gadentrisurrinpoche #trisur
    #Galdenthizurrinpoche
    #HisEminenceGaldenThizurRinpoche
    #dalailama

Komentáře • 27