༧གོང་ས་མཆོག་ལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས།

Sdílet
Vložit
  • čas přidán 24. 05. 2022
  • དུས་ཀྱི་ཁུགས་སོ་ཞིག་ན། བླ་མ་ཡོངས་ཀྱི་གཙུག་གི་བླ་མ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཆོས་དོན་དྲུང་ཆེའི་གོ་གནས་འཛིན་ཏེ་བསྟན་པ་སྤྱི་དང་བྱེ་བྲག་ལ་སྲི་ཞུ་བསྒྲུབས་པའི་གནས་ཁྱད་པར་ཅན་དེ་རུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། སྲིད་གསུམ་འགྲོ་བའི་འདྲེན་མཆོག སྐྱབས་གསུམ་འདུས་པའི་བདག་ཉིད་ཆེན་པོ། སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་སྐྱབས་མགོན་རཏྣ་བཛྲ་རིན་པོ་ཆེ་མཆོག ཁྲི་འཛིན་ཞེ་གསུམ་པ་སྐྱབས་མགོན་ཛྙ་ན་བཛྲ་རིན་པོ་ཆེ་མཆོག ལོ་གསུམ་གྱི་རྗེས་སུ་ཁྲི་ཐོག་ཞེ་བཞི་པར་འབྱོན་ངེས་པ་འབྱུང་རྒྱུའི་སྐྱབས་མགོན་ཨ་བྷི་ཀྲིཏ་རིན་པོ་ཆེ་མཆོག དེ་བཞིན་ཁྲི་འཛིན་བཞི་ཅུ་ཞེ་ལྔ་པ་སྐྱབས་མཆོག་ཨ་བྷ་ཡ་རིན་པོ་ཆེ་མཆོག ཁྲི་འཛིན་ཞེ་དྲུག་པ་སྐྱབས་མཆོག་ཨ་སངྒ་རིན་པོ་ཆེ་མཆོག ངོར་ཆེན་རྒྱལ་བའི་རྒྱལ་ཚབ། ངོར་ཁྲི་རབས་བདུན་བཅུ་དོན་བདུན་པ་སྐྱབས་མཆོག་ཐར་རྩེ་མཁན་རིན་པོ་ཆེ་མཆོག སྙན་བརྒྱུད་གདམས་པའི་མཛོད་འཛིན་ཚར་ཆེན་རྒྱལ་ཚབ་བཅོ་བརྒྱད་ཁྲི་པ་ཉེར་དྲུག་དང་ཁྲི་པ་ཉེར་བདུན་རྣམ་པ་གཉིས་ཀྱིས་གཙོས། སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་བསྙེན་ཚད་བསྐྱལ་ཟིན་པའི་བླ་སྤྲུལ་མཁན་སློབ་དགེ་འདུན་ཞལ་གྲངས་བརྒྱ་དང་བཅུ་གསུམ་ནས་མཐོང་རྒྱུད་ཕྱག་ལེན་འཛོལ་མེད སྒྲུབ་ཞག་ཉིན་ལྔ་ཚོགས་གྲུབ་བསྟུན་འདི་ཟླའི་ཚེས་ཉེར་ལྔ་འབྱུང་འཕྲོད་དགེ་བའི་ཉིན། འཛམ་གླིང་ཞི་བདེའི་དེད་དཔོན་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་ལ་ས་སྐྱ་པ་ལྷ་སྡེ་མི་སྡེ་ཡོངས་ཀྱི་ངོས་ནས། གང་གི་སྐུ་གསུང་ཐུགས། ལྷམ་མེར། ལྷང་ངེར། ལྷན་ནེར་བཞུགས་པར་གསོལ་བ་འདེབས་རྟེན་བརྟན་བཞུགས་གྲྭ་རྒྱས་པ། འབུལ་རྫས་གྱ་ནོམ་པ་འབུལ་བཞེས་ཀྱི་སྒོ་ནས་ཚོགས་གསོོག་གི་བྱ་བ་རླབས་པོ་ཆེ་ཞིག་སྒྲུབ་བཞིན་པ་འདིའི་སྐབས་སུ། གུས་འབངས་རང་ཉིད་ཚེ་སྒྲུབ་བསྙེན་ཁྱོལ་མེད་པའི་རྒྱུ་མཚན་ལ་བརྟེན་དངོས་སུ་ཚོགས་བཅར་མ་ཐུབ་ནའང་། ཆོས་གྲོགས་ཡེ་ཤེས་ལགས་ཀྱིས་ཉིན་རེའི་མཛད་ཕྲིན་གྱི་རིམ་པ་རྣམས་གསལ་པོར་འགྲེལ་བརྗོད་བྱེད་པའི་སྐུ་པར་ཁག་ཕྱོགས་གཏོང་བཀའ་དྲིན་ཆེ་བྱུང་ན། རྗེས་སུ་ཡི་རངས་དང་བཅས་ཐག་རིང་ནས་ཀྱང་མཉམ་ཞུགས་གོ་སྐབས་ལེན་རྒྱུ་བྱུང་བ་འདི། ཕུགས་ཀྱི་དམིགས་ཡུལ་འགྲུབ་མིན་ཇི་ལྟར་རུང་། འཕྲལ་དུ་བོད་མི་ནང་ཁུལ་འཆམ་མཐུན་ཡོང་བ་དང་། འགྲོ་ཁམས་བདེ་ཞིང་སྐྱིད་པའི་རྒྱུ་རུ་འགྲོ་བའི་བསྔོ་སྨོན་གསོལ་འདེབས་བགྱིད་པར་སྤྲོའོ། །
    ས་སྐྱ་གོང་མ་རིན་པོ་ཆེར།
    ཚིག མཁན་བསམ་པ་ཆོས་འགྲུབ།
    གདངས། འཇམ་དབྱངས་བཀྲ་ཤིས།
    ལེན་མཁན། ཉི་ཟླའི་སྲས་མོ། ཤེས་རབ་ཉི་མ།
    དང་པོ་རིགས་རྒྱུད་ལྷ་ནས་མཆེད།།
    འཕགས་པའི་གདུང་རྒྱུད་ཞིང་འདིར་སྤེལ།།
    སྐྱབས་གནས་ཀུན་འདུས་མི་ཡིགཟུགས།།
    ས་སྐྱ་གོང་མ་རིན་པོ་ཆེར།།
    ང་དང་ང་འདྲ་བོད་མི་ཡིས།།
    གསོལ་བ་སྙིང་གི་དབུས་ནས་འདེབས།།
    མཁྱེན་པའི་ཐུགགས་དང་ཡེ་ཤེས་སྤྱན།།
    མྱུར་དུ་གཟིགས་ཤིག་བླ་མ་ལགས།།
    ཨོ་་ཨོ་་བླ་མ་ལགས། ཐུགས་རྗེས་གཟིགས།
    ཨོ་་ཨོ་་ས་སྐྱ་པ། ངོ་མཚར་ཆེ།།
    ས་སྐྱ་གོང་མ་རིན་པོ་ཆེར།།
    ནམ་ཡོང་ཐུགས་ནས་མ་བོར་ཞུ།།
    མཚན་དཔེ་མེ་ཏོག་བཞད་པ་ལས།།
    བྱིན་རླབས་ཉི་འོད་བཞིན་དུ་ཁྱབ།།
    དངོས་གྲུབ་སྦྲང་ཆར་འབབ་འབབ་རེད།།
    གངས་རིས་བསྐོར་བའི་ཡུལ་ལྗོངས་ནས།།
    དྲན་པའི་བླ་མ་ཁྱེད་ཉིད་ཡིན།།
    ལག་གཉིས་ཐལ་མོ་སྙིང་ལ་སྦྱོར།།
    མ་གྱུར་འགྲོ་དྲུག་སེམས་ཅན་རྣམས།།
    བློ་སྣ་ཆོས་ལ་སྒྱུར་དུ་གསོལ།།
    ཨོ་་ཨོ་་བླ་མ་ལགས། ཐུགས་རྗེས་གཟིགས།
    ཨོ་་ཨོ་་་་ས་སྐྱ་པ། ངོ་མཚར་ཆེ།།
    ས་སྐྱ་གོང་མ་རིན་པོ་ཆེར།།
    ནམ་ཡོང་ཐུག་ནས་མ་བོར་ཞུ།།

Komentáře • 29