[Champa Talk Show བྱམས་པའི་ཁ་བརྡ།] A Bite of Shambhala

Sdílet
Vložit
  • čas přidán 6. 09. 2024
  • [Champa Talk Show བྱམས་པའི་ཁ་བརྡ།] མཛེས་སྡུག་ཡིད་དབང་འཕྲོག་པའི་མདོ་དབུས་མཐོ་སྒང་ནི་རི་བོ་བརྒྱ་ཡི་ཕ་ས་དང་ཆུ་བོ་སྟོང་གི་འབྱུང་ཁུངས་ཡིན་ལ་རྟ་ནོར་ལུག་གི་འཕེལ་ཁ་དར་ཞིང་། འབྲུ་རིགས་སྣ་ལྔའི་བང་མཛོད་བཀང་ཡོད། དེ་ཡང་བཟའ་བཏུང་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཆགས་ཡོད་ལ། བོད་ཀྱི་ཡུལ་གྲུ་སོ་སོའི་བཟའ་བཏུང་རིག་གནས་ཀྱང་གྱ་ནོམ་པ་ཞིག་ཡོད། ཁམས་ཕྱག་ཕྲེང་ནི་གནམ་གཤིས་དྲོ་གྲང་སྙོམས་ཤིང་། ཐོན་ཁུངས་ཕུན་སུམ་ཚོགས་པའི་ཡུལ་གྲུ་ཞིག་ཡིན་པས།གྲོ་ནས་སྲན་གསུམ་དང་། སྔོ་ལྡུམ། ཤིང་ཏོག་སོགས་བཟའ་བ་རི་རབ་ལྟ་བུ་དང་། ཇ་དང་ཆང་། ཐུག་པ་སོགས་བཏུང་བ་རྒྱ་མཚོ་ལྟ་བུ་གྱུར་ཡོད།
    དེ་རིང་བྱམས་པའི་ཁ་བརྡ་ལེ་ཚན་ཆེད་དུ་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་དུ་སོང་ནས་ཤམ་བྷ་ལའི་བོད་ཟས་སྐོར་ནས་ཁ་བརྡ་བྱས་ཡོད་པས་ཁྱེད་ཀྱིས་གསན་གཟིགས་གནང་རོགས།

Komentáře • 16