༼དམྱལ་གླིང།༽ སྒྲུང་པ། རྡོ་རྐོ་ངག་དབང་དགེ་ལེགས།

Sdílet
Vložit
  • čas přidán 20. 09. 2022
  • སྒྲུང་པ།རྡོ་རྐོ་ངག་དབང་དགེ་ལེགས།
    ༼དམྱལ་གླིང་༽དུ་འཛམ་གླིང་གེ་སར་རྒྱལ་པོས་དགྲ་བདུད་ཆམ་ལ་ཕབ་གཉོམ་ཆུང་བྱམས་ཀྱིས་བསྐྱངས་ཏེ་གནམ་འོག་གཅིག་གྱུར་བཏང་རྗེས།གཡུལ་འཐབ་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་དགྲ་གྲོགས་དང་སེམས་རྒྱུད་ཉོན་མོངས་ཀྱིས་གོས་པའི་རྣམ་ཤེས་གྲངས་མེད་པ་ཞིག་ཐར་བའི་ལམ་དུ་དགོད་ཆེད། རྒྱ་གར་སྤོས་ཆུ་རབ་བདུན་གྱི་ཕར་ཁའི་རྡོ་རྗེའི་སྒྲུབ་ཕུག་ཏུ་ཚེ་སྒྲུབ་མཛད་སྐབས། མ་ནེ་ནེའི་ལུང་བསྟན་ལས། མ་ཡུམ་འགོག་བཟའ་ལྷ་མོར་སྐུ་སྙུང་བྱུང་ཤིང་ཚེ་ཡི་འཕེན་པ་རྫོགས་ཏེ་དམྱལ་བར་སྐྱེས་པའི་གཏམ་ངན་ཐོས། སྤྱིར་རྗེ་ཁོང་ཉིད་ནི་གོང་མ་ལྷས་བཀའ་བགོས་བཞིན་མི་ཡུལ་དུ་བྱོན་པའི་ལྷ་ཕྲུག་སྟེ།དུས་གསུམ་སངས་རྒྱས་ཀྱི་སྤྲུལ་བ་ཡིན་མོད། འོན་ཀྱང་། སྒྱུ་ལུས་ཤ་ཁྲག་གི་ངོ་བོར་གྲུབ་ནས་ཡུམ་གྱི་ལྷུམས་སུ་སྐུ་བལྟམས་སྟབས་བདག་མེད་བྱང་སེམས་ལྟ་བར་ཉོན་མོངས་དུག་ལྔས་གོས་ཡོད་པས་ཐུགས་རབ་ཏུ་ཁྲོས་ཏེ་དམྱལ་ཁམས་ལ་ཆས་ཤིང་།ལས་མཁན་མང་པོ་བསད་དེ་དམྱལ་ཁམས་བདེ་བ་ཅན་དུ་དགོད་རྒྱུའི་ཐུགས་འདུན་སྐྱེས། ཁོང་གིས་མཐོན་པོའི་ཁྲི་ལ་བཞུགས་པའི་གཤིན་རྗེ་མཇལ་ཚེ། ཐུགས་དགོངས་ལོང་མེད་པར་གཤིན་རྗེའི་ཐོག་ཏུ་རལ་གྲི་གཡུག་སྐབས་གཤིན་རྗེ་ལ་གནོད་པ་སྤུ་ཙམ་མ་ཐེབས་པར་སྔར་བཞིན་འཇིགས་རུང་དུ་གནས་ཤིང་། ཁོང་རང་ཉིད་ཀྱི་དབུ་རང་གི་ཕྲག་ཐོག་ནས་མར་ས་ལ་ལྷུང་། ཡང་ཁོང་གིས་རང་གི་དབུ་ཐོད་སླར་ཡང་ཡར་སྦྱར་ཏེ་གཤིན་རྗེ་ཆོས་རྒྱལ་ལ་ཁོང་གིས་འཇིག་རྟེན་ཁམས་ནས་དགྲ་བདུད་དམ་ལ་བཏགས་ཤིང་མི་སེར་བྱམས་ཀྱིས་བསྐྱངས་ཡོོད་པས་ཨ་མ་དམྱལ་བར་ལྷུང་བའི་རྒྱུ་མཚན་ཞུས། གཤིན་རྗེས་ཁོང་ལ་མིའི་སྐྱེ་རྒ་ན་འཆི་དང་དུས་བཞིའི་འགྱུར་ལྡོག་ཉི་ཟླའི་འཆར་ནུབ་སོགས་དཔེར་དྲངས་ནས་ལས་འབྲས་དང་ཆོས་ཉིད་ཀྱི་ཡང་དག་གནས་ལུགས་གསུང་བ་མ་ཟད།ལྷ་ཕྲུག་གི་དབུ་ཐོད་སར་ལྷུང་བའི་རྐྱེན་དང་། དགྲ་འདུལ་གཉེན་སྐྱོང་མཛད་པའི་དཔའ་བོའི་མ་ཡུམ་ཐར་བའི་གོ་འཕང་མི་ཐུབ་པའི་རྒྱུ་སོགས་གསུང་།གེ་སར་གྱི་དགོངས་པ་ལ། འདི་ཕྱི་རྒྱལ་པོ་རྣམ་གཉིས་ཀྱིས་འཕྲིན་ལས་སྤེལ་བའི་ལམ་མི་གཅིག་པ་ཙམ་མ་གཏོགས་ཁྱད་པར་མེད་སྙམ་ནས་ཐུགས་ཞི་བར་གྱུར་ཅིང་།ཁོང་གིས་གཤིན་རྗེའི་བཀའ་བཞིན་སྙིང་རྗེ་ཚད་མེད་བསྒོམས་ནས་དམྱལ་བར་ལྷུང་བའི་མ་ཡུམ་གཙོར་བྱས་གྱི་ཚེ་འདས་དུང་ཕྱུར་བཅོ་བརྒྱད་ཙམ་ཡར་ཞིང་ཁམས་སུ་དྲངས།
    སླར་སྨྲས་པ་་འཛམ་གླིང་སེང་ཆེན་རྒྱལ་པོའི་རྣམ་ཐར་དམྱལརྫོགས་པ་ཆེན་མོ་མཐོང་བ་རང་གྲོལ་ངན་སོང་ཆོས་ཀྱི་སྐུལ་གླུ་འདི་འདན་བླ་མ་ཆོས་ཀྱི་དབང་ཕྱུག་གིས་རྒྱ་ཤོག་ངོས་ལ་རྒྱ་སྣག་གི་བྲིས་ནས་བྱང་སྟོད་ཆབ་ཀྱི་རྫིང་བུ་དབེན་གནས་ལ་གཏེར་དུ་སྦས་སོ།།མ་འོངས་སྙིགས་མའི་དུས་མཐའ་ལ་རྒྱལ་མཆོག་བླ་མའི་རྣམ་ཐར་འདི་གྲགས་གསལ་རྡོ་རྗེ་ཞེས་དང་འཕྲད་པར་ཤོག འཕྲད་ནས་འཛམ་གླིང་ཀུན་ལ་དར་རྒྱས་ཤོག སཾ་མ་ཡ་རྒྱ་རྒྱ་རྒྱ། འཛམ་གླིང་རྒྱལ་མཆོག་རྣམ་ཐར་འདི་བྲིས་པ་དང་ནི་ཀློག་པ་དང་། བཀའ་འགྱུར་འབྲི་ཀློག་ཕན་ཡོན་མཉམ། ལན་གཅིག་ཀློག་པའི་ཕན་ཡོན་དེས། ནད་མཚོན་མུ་གེ་བསྐལ་བ་ཞི། ཉམས་ལེན་བརྩོན་པ་རྣམ་འབྱོར་བ། འདི་ནི་སངས་རྒྱས་ལག་འཆང་ཡིན། མཐོང་བ་ཙམ་གྱིས་དགྲོལ་བ་ངེས་ཞེས་གསུངས་པར་གདའོ།།
  • Zábava

Komentáře • 2