GASUI CHODTIN | དགའ་བསུའི་མཆོད་སྤྲིན། | NEW LADAKHI SONG 2023 | HIS HOLINESS 14th DALAI LAMA

Sdílet
Vložit
  • čas přidán 7. 07. 2023
  • འཇུ་ལེ་ལྷན་རྒྱས་ཚང་མ་ལ་བཀྲ་ཤིས་བདེ་ལེགས།
    🌹🙏🌹🙏🌹🙏🌹🙏🌹🙏
    ༄། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་དང་དཔུང་གཉེན་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་མང་ཡུལ་ལ་དྭགས་ལྗོངས་སུ་ཕྱི་ཟླ་ ༧ པའི་ཚེས་ ༡༠ ཉིན་ ཆིབས་བསྒྱུར་ཞབས་སོར་འཁོད་རྒྱུ་ཐུགས་གཏན་ཁེལ་བའི་གཏམ་བཟང་ཐོས་པས། ཁོ་བོས་དགའ་དད་སྤྲོ་གསུམ་གྱི་ངང་ནས་མཆོད་པའི་གླུ་དབྱངས་ཀྱི་ཚུལ་དུ་ ”དགའ་བསུའི་མཆོད་སྤྲིན” ཞེེས་བྲིས་པས་ཀུན་གྱི་རྣ་ལམ་དུ་སྙན་པ་དང་སེམས་ལ་དགའ་བའི་རེ་བ་དང་བཅས་མགོན་པོ་མཆོག་ཐུགས་རྗེའི་གཏེར་ཆེན་གང་ཉིད་མཁའ་ཁྱབ་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། རྒྱ་ཆེ་རྒྱུན་མི་ཆད་པའི་འཕྲིན་ལས་འགོག་མེད་དུ་སྐྱོང་བའི་གསོལ་འདེབས་དང་སྨོན་འདུན་ཞུ།
    ་་་་་་་་གུས་པ་ཐོགས་མེད་རི་ཡུལ་པས།
    ----------------
    གླུ་མཁན།: ཕུན་ཚོགས་མཚོ་དཀར་དང་བསྟན་འཛིན་དབང་མོ།
    གླུ་ཚིག་དང་བཀོད་སྒྲིག་པ།: ཐོགས་མེད་རི་ཡུལ་པ།
    གདངས།: རྡོ་རྗེ་སྟག་མོ།
    སྤྱིན་བདག: ཚེ་རིང་ཀུན་འཛོམས་ཀླུ་འཁྱིལ།
    རོལ་དབྱངས: སཱ་གཱར་ཤརྨ།
    ----------------
    Singer: Phuntsok Tsokar & Stanzin Angmo
    Lyrics & Producer : Thokmet Riyulpa
    Composer :Dorjey Stakmo
    Sponsor : Tsering Kunzom Likir
    Recorded: Dayang Studio
    Lyrical video: Wangpo Ldumra & Tsewang Norboo Likir
    Music: Sagar Sharma Delhi
    ----------------
    Special Thanks to🙏🙏🙏
    Any Tsering Kunzom || kaga Dorjey Stakmo|| Tsewang Norboo Lukhil || Solthap Cafe Zanskar || Phontsok Tsokar || Stanzin Angmo || Gen Tashi Gyalpo || Gen Stanzin Wangyal || Wangpo Ldumra|| Padma Ladakh || Stanzin Changchup||
    🌹🌹🌹🌹🌹
    Regards --Thokmet Riyulpa
    ༐དགའ་བསུའི་མཆོད་སྤྲིན།
    -------
    ༐ ངའི་རྩ་བའི་བླ་མ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ལ་མང་ཡུལ་ལ་དྭགས་ལྗོངས་སུ་དགའ་བསུ་ཞུ།
    ༡༽མང་ཡུལ་ལ་དྭགས་ཞི་བའི་ཡུལ་ལྗོངས་སུ།།
    ཏཱ་ལེ་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག།
    བླ་སློབ་དམ་ཚིག་གཙང་མའི་ལས་འབྲེལ་གྱིས།།
    ཡང་ཡང་དངོས་སུ་ཕེབས་པས་བསོད་ནམས་ཆེ།།
    ས་གཞི་བྱིན་གྱིས་བརླབས་པས་སྐལ་བ་བཟང་།།
    དད་ལྡན་ལ་དྭགས་མི་མང་ཡོངས་ཀྱིས-- དྲིན་ཅན་རྩ་བའི་བླ་མར་དགའ་བསུ་ཞུ--དད་ལྡན་ལ་དྭགས་མི་མང་ཡོངས་ཀྱིས-སྐུ་ཚེ་ཁྲི་ལོ་བརྟན་པའི་སྨོན་ལམ་ཞུ།
    ༢༽སྐུ་ནི་ཤིན་ཏུ་མཛེས་པའི་པད་མ་ཡི།།
    གཞན་ཕན་དྲི་ཞིམ་ལ་དྭགས་ལྗོངས་ལ་ཁྱབ།།
    སྙིང་རྗེ་རང་གཟུགས་རབ་བརྗིད་མཚན་དཔེའི་སྐུ།།
    མཇལ་བ་ཙམ་གྱིས་དད་པའི་མིག་ཆུ་ཤོར།།
    མཇལ་བ་ཙམ་གྱིས་སེམས་ཀྱི་ཡིད་དབང་འཕྲོག།
    དད་ལྡན་ལ་དྭགས་མི་མང་ཡོངས་ཀྱིས--དྲིན་ཅན་རྩ་བའི་བླ་མར་དགའ་བསུ་ཞུ--དད་ལྡན་ལ་དྭགས་མི་མང་ཡོངས་ཀྱིས-སྐུ་ཚེ་ཁྲི་ལོ་བརྟན་པའི་སྨོན་ལམ་ཞུ།
    ༣༽གསུང་གི་བདུད་རྩིའི་བྱིན་རླབས་ཆར་ཆེན་དེ།།
    མང་ཡུལ་ལྗོངས་འདིར་ཕབ་པས་སྐལ་བ་བཟང་།།
    ཡིད་དབང་འཕྲོག་པའི་དྲུག་ཅུའི་དབྱངས་ལྡན་གསུང་།།
    ཐོས་པ་ཙམ་གྱིས་སེམས་ལ་ཞི་བདེ་རྒྱས།།
    ཐོས་པ་ཙམ་གྱིས་སེམས་ལ་དགའ་བ་འཕེལ།།
    དད་ལྡན་ལ་དྭགས་མི་མང་ཡོངས་ཀྱིས-- དྲིན་ཅན་རྩ་བའི་བླ་མར་དགའ་བསུ་ཞུ--དད་ལྡན་ལ་དྭགས་མི་མང་ཡོངས་ཀྱིས-སྐུ་ཚེ་ཁྲི་ལོ་བརྟན་པའི་སྨོན་ལམ་ཞུ།
    ༤༽ཐུགས་ནི་བརྩེ་བས་ཁྱབ་པའི་ཉི་འོད་དེ།།
    ཡང་ཡང་ལ་དྭགས་ལྗོངས་འདིར་ཤར་བས་བཟང་།།
    ལྷད་མེད་བརྩེ་བའི་ལྷག་བསམ་འོད་དཀར་དེ།།
    ཤར་བ་ཙམ་གྱིས་རྨོངས་པའི་མུན་པ་སེལ།།
    ཤར་བ་ཙམ་གྱིས་བདེ་བའི་འོད་སྣང་རྒྱས།།
    དད་ལྡན་ལ་དྭགས་མི་མང་ཡོངས་ཀྱིས-- དྲིན་ཅན་རྩ་བའི་བླ་མར་དགའ་བསུ་ཞུ--དད་ལྡན་ལ་དྭགས་མི་མང་ཡོངས་ཀྱིས-སྐུ་ཚེ་ཁྲི་ལོ་བརྟན་པའི་སྨོན་ལམ་ཞུ།
    ༥༽བདག་ཅག་མང་ཡུལ་ལ་དྭགས་མི་དམངས་ལ།།
    རྩ་བའི་བླ་མའི་བཀའ་དྲིན་བསམ་མི་ཁྱབ།།
    ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ་ཡི།།
    ཅི་གསུང་བཀའ་བཞིན་སྒྲུབ་པའི་སྨོན་ལམ་ཡིན།།
    སྐྱབས་གནས་འབྲལ་མེད་རྟག་ཏུ་རྗེས་སུ་བཟུང་།།
    དད་ལྡན་ལ་དྭགས་མི་མང་ཡོངས་ཀྱིས--དྲིན་ཅན་རྩ་བའི་བླ་མར་དགའ་བསུ་ཞུ--དད་ལྡན་ལ་དྭགས་མི་མང་ཡོངས་ཀྱིས-སྐུ་ཚེ་ཁྲི་ལོ་བརྟན་པའི་སྨོན་ལམ་ཞུ།
    Please do Like, Comment, Share, SUBSCRIBE🌺🙏
    Re-uploading another channel without permission is strictly prohibited🙏

Komentáře • 437