༩༼གངས་རིའི་ཚིག་མཛོད།༽ 2016 གནམ་མཚོ་དང་དཔལ་ལྡན་ཚུལ་ཁྲིམས།

Sdílet
Vložit
  • čas přidán 11. 09. 2024
  • དྲི་བ་དྲིས་ལན།
    རྩོམ་པ་པོ་ཁྱུང་ཁྲི་ལྡེ།
    ལེན་མཁན་གནམ་མཚོ་དང་དཔལ་ལྡན་ཚུལ་ཁྲིམས།
    གངས་ཀྱི་ཀློང་ནས་བཞེང་དུས།།
    འོད་ཀྱིས་ཤར་ནུབ་ཁྱབ་སྟེ།།
    བོན་གྱི་བདེན་མཐའ་གསལ་བའི།།
    འཛམ་གླིང་ཉི་མ་སུ་རེད།།
    གནའ་དེང་ཤེས་རིག་ཀློང་ནས།།
    མཁྱེན་པའི་རྩལ་དྲུག་རྫོགས་པའི།།
    ཁ་བ་གངས་རིའི་ཚིག་མཛོད།།
    སྨན་རིའི་ཡོངས་འཛིན་མཆོག་ཡིན།
    ལག་ན་ཁ་ཕོར་མེད་ཀྱང་།།
    རྒྱབ་ལ་པོད་ཆེན་ཁུར་ནས།།
    དུས་འགྱུར་རླུང་ནག་གཤགས་པའི།།
    ས་མཐའི་ཨ་སྐྱོ་སུ་རེད།།
    ནོར་རྫས་སྒྱུ་མར་གཟིགས་ཤིང་།།
    རྒྱལ་བསྟན་སྲོག་ལས་གཅེས་པའི།།
    ཞང་བོད་རིག་པའི་བླ་སྲོག།
    སྨན་རིའི་ཡོངས་འཛིན་མཆོག་ཡིན།།
    རྒྱུན་མེད་ས་མཐའི་ཡུལ་ན།།
    མགོན་མེད་དྭ་ཕྲུག་འཁྱམ་པོས།།
    རེ་བའི་ཐལ་མོ་སྦྱར་ས།།
    བོན་གྱི་ཕ་མ་སུ་རེད།།
    འབངས་ཀྱི་བདེ་སྡུག་གཟིགས་ནས།།
    ནུབ་ནས་ཟས་གོས་བསླངས་ཏེ།།
    བྱེས་ཀྱི་ཁྱིམ་གཞིས་སྐྲུན་མཁན།།
    སྨན་རིའི་ཡོངས་འཛིན་མཆོག་ཡིན།།
    ཞྭ་དཀར་བོན་གྱི་བསྟན་པ།།
    ཡོངས་རྫོགས་ནུབ་ལ་ཉེ་དུས།།
    བཤད་སྒྲུབ་མེ་རོ་སྤར་མཁན།།
    བོན་གྱི་ཀ་ཆེན་སུ་རེད།།
    གདོང་དམར་བོད་པའི་ཕ་ཆོས།།
    རིམ་དགུ་ཐེག་པའི་བང་མཛོད།།
    འདི་ཕྱི་གཉིས་ཀྱི་ལམ་སྟོན།།
    སྨན་རིའི་ཡོངས་འཛིན་མཆོག་ཡིན།།

Komentáře • 5

  • @tsetendorjee9040
    @tsetendorjee9040 Před 2 lety +2

    གསུང་གཞས་སྙན་བྱུང་ནང་དོན་ཡང་ཡག་བྱུང་ཐུགས་རྗེ་ཆེ།

  • @dondrup6243
    @dondrup6243 Před rokem

    ཧ་ཅང་ཡག་གི

  • @Chewanglama52992
    @Chewanglama52992 Před 6 měsíci

    Really nice song 🎧 ❤❤❤❤❤❤

  • @YungdrungBon2024
    @YungdrungBon2024 Před 7 lety +4

    Than you for sharingབཀའ་དྲིན་ཆེ།

  • @jannielee4552
    @jannielee4552 Před 3 lety

    both are nice voice and really nice song 🥰🥰🥰🥰