༄༅། །བུ་ཆུང་བསྟན་འཛིན་ངག་དབང་ལོ་གསུམ་ལོན་པའི་སྐྱེས་སྐར་རྟེན་འབྲེལ་བསུས་པའི་བརྙན་ཐུང་ཕྱོགས་བསྒྲིགས།🎬🎼

Sdílet
Vložit
  • čas přidán 11. 09. 2024
  • ༄༅། །དུས་བཟང་ཁྱད་པར་ཅན་གྱི་ཉིན་མོ་འདིར་བུ་ཆུང་བསྟན་འཛིན་ངག་དབང་ལོ་ངོ་གསུམ་ལོན་པའི་སྐྱེས་སྐར་ལ་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པས་བསུ།
    * བུ་ཆུང་ཁྱེད་ཚེ་རིང་ནད་མེད་ངང་སློབ་སྦྱོང་མཐར་ཕྱིན་ནས་མ་འོངས་པར་བུ་བཟང་སྤྱོད་དང་ལྡན་པ་ཞིག་དང་ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ལ་ཞབས་ཏོག་བསྒྲུབ་ཐུབ་པའི་སྨོན་འདུན་གྲངས་མེད་ཞུ།
    * ད་ལན་གོ་སྐབས་འདི་དང་སྟབས་བསྟུན་ནས་བུ་ཆུང་གི་ཆེད་དུ་དགོན་སྡེ་ཁག་ལ་སྐྱབས་རྟེན་དང་མཆོད་མེ་འཕུལ་བ་དང་བལ་ཡུལ་མཆོད་རྟེན་མདུན་དུ་བྱ་ལ་ཆོས་སྦྱིན་བཟའ་འབྲུ་བཀྲམ་པ་དང་ནོར་གླིང་ཉེ་འཁོར་དུ་ཡོད་པའི་བོད་མིའི་དབང་པོ་སྐྱོན་ཅན་ལྟ་སྐྱོང་ཁང་སྙིང་སྟོབས་གླིང་དུ་ཤིང་ཏོག་གི་ཟས་སྦྱིན་དང་ལྷག་པར་དུ་ནོར་གླིང་སྔོན་འགྲོའི་སློབ་གྲྭ་དང་བྱིས་བཅོལ་ཁང་དུ་རྟེན་འབྲེལ་ཙམ་ཞིག་སྐྱེས་སྐར་བཏང་བ་དང་དེ་རིང་སླར་ཡང་གཟའ་ཉི་མའི་གུང་གསེང་དང་སྟབས་བསྟུན་ནས་དགའ་གཉེན་སྤུན་མཆེད་ལྷན་འཛོམས་ངང་སྐྱེས་སྐར་དོན་དང་ལྡན་པའི་ངང་མཇུག་སྒྲིལ་སོང་།
    * ཕྱོགས་མཐའ་ཁག་ཏུ་བཞུགས་ཡོད་པའི་འབྲེལ་ཡོད་ཀུན་ནས་འཚམས་འདྲི་དང་ངོ་དེབ་ཐོག་མཆན་མང་པོ་ཞིག་བཀོད་གནང་བར་ངེད་ནང་མི་གསུམ་ནས་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།།
    * བུ་ཆུང་གི་སྐྱེས་སྐར་ཉིན་མཉམ་འཛོམས།
    * བུ་ཆུང་བསྟན་འཛིན་ངག་དབང་ལོ་གསུལ་ལོན་པ།
    * ས་གནས། TREK & DINE DHARAMKOT
    * དུས་ཚོད། ༡༨/༠༨/༢༤

Komentáře • 3

  • @tseringrichoe363
    @tseringrichoe363 Před 23 dny

    བསྟན་འཛིན་ངག་དབང་ལགས་སྐྱེས་སྐར་བཟང་།

  • @tashiyanzo9928
    @tashiyanzo9928 Před 23 dny +1

    Babe ngawang is big boy now ❤❤

  • @phurbadargyal7938
    @phurbadargyal7938 Před 23 dny

    Happy birthday 🎁🎁