Tibetan New Song 2023

Sdílet
Vložit
  • čas přidán 11. 09. 2024
  • བརྩེ་གླུ་ཉི་ཟླ་ཁ་སྤྲོད།
    ཚིག གོ་གསོས་སྨན།
    དབྱངས། རྫོགས་ཆེན་བསྟན་འཛིན།
    ལེན་མཁན། ཀླུ་མོ་མཚོ། ཨ་ཁྲོ་འཆི་མེད།
    ཞེ་འདང་མེ་ཏོག་སེམས་ལ་འཁྲུངས་ནས།།
    ཚིག་གི་ཟེའུ་འབྲུ་ངག་ན་བཞད་ཡོད།།
    ལས་འཕྲོའི་འདབ་ལོ་གྲོལ་བའི་སྙིང་ཉེ།།
    སྣང་བའི་ཁམས་ཀྱི་ལྗོན་ཤིང་ཁེར་སྐྱེས།།
    ཨ། སྟག་ཤར་ལགས།
    ལང་ཚོའི་མེ་ཏོག་ཁྱེད་ལ་ཕུལ་ཡོད།།
    ཐུགས་འདུན་གཙང་མ་འགྱུར་བ་མ་གནང་།།
    ལས་ཀྱི་སྦྲང་ཆར་སྙིང་ལ་བབས་ནས།།
    བརྩེ་བའི་མེ་ཏོག་ཞལ་ཁ་བྱེ་ཡོད།།
    ཚིག་ལ་ལྷོད་ཤ་ཆགས་པའི་མཛའ་མོ།།
    དྲན་འཛིན་ངོས་ཀྱི་མེ་ཏོག་རྐང་གཅིག།
    ཨ། སྨན་ཆུང་ལགས།
    འགྱུར་མེད་དམ་བཅའ་ཁྱེད་ལ་ཕུལ་ཡོད།།
    དུང་བའི་མནའ་ཚིག་བོར་བ་མ་གནང་།།
    གཞོན་པའི་སྣང་བ་སྤང་དང་མེ་ཏོག།
    བརྩེ་བའི་སེམས་པ་ཆུ་དང་འོ་མ།།
    མི་ཚེའི་ལམ་ནས་འཕྲད་པའི་བྱམས་པ།།
    སྐྱིད་སྡུག་དཔུང་པ་གཤིབ་པའི་རོགས་ཡིན།།
    ཨ། བྱམས་པ་ལགས།
    ཕན་ཚུན་བར་དུ་བསམ་ཤེས་བཅངས་ནས།།
    མི་ཚེའི་འཚོ་བར་དགོད་སྒྲས་བཀང་ཆོག།

Komentáře • 2