དབུ་མ་བཞི་བརྒྱ་པ། རབ་བྱེད་བརྒྱད་པ། 23 སྟོང་པ་ཉིད་རྟོགས་པའི་ཕན་ཡོན་ནི། མཁན་ཆེན་བསོད་ནམས་རྒྱ་མཚོ།

Sdílet
Vložit
  • čas přidán 3. 02. 2023
  • དངོས་བསྟན་སྟོང་ཉིད་ཀྱི་ལྟ་བ་གཙོ་བོར་སྟོན་པའི་བསྟན་བཅོས་ལེའུ་བཅུ་དྲུག་གི་བདག་ཉིད་ཅན་ཞིག་སྟེ། རྒྱ་གར་གྱི་སློབ་དཔོན་ཨརྱ་དེ་བའམ་འཕགས་པ་ལྷས་མཛད། ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུང་རིན་ཆེན་སྦས་པའི་ཀུན་དགའ་ར་བར། རྒྱ་གར་གྱི་མཁན་པོ་སུ་སྨྲ་ཛཱ་ན་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར།
    བཞི་བརྒྱ་པའི་འཆད་ཁྲིད། ཉེར་གསུམ་པ།
    ༡༩
    ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །
    གཟུང་བར་མི་ནུས་དེ་བཞིན་དུ། །
    འཇིག་རྟེན་པ་ཡི་མ་རྟོགས་པ། །
    འཇིག་རྟེན་གཟུང་བར་ནུས་མ་ཡིན། །
    ༢༠
    ཡོད་དང་མེད་དང་ཡོད་མེད་དང་། །
    གཉི་ག་མིན་ཞེས་ཀྱང་བསྟན་་ཏེ། །
    ནད་ཀྱི་དབང་གི་ཐམས་ཅད་ཀྱང་། །
    སྨན་ཞེས་བྱ་བར་འགྱུར་མིན་ནམ། །
    དགུ་པ་སྟོང་པ་ཉིད་རྟོགས་པའི་ཕན་ཡོན་ནི། །
    ༢༡
    ཡང་དག་མཐོང་ན་གནས་མཆོག་ལ། །
    ཅུང་ཟད་མཐོང་ན་བཟང་འགྲོ་སྟེ། །
    དེ་ཕྱིར་ནང་བདག་བསམ་པ་ལ། །
    མཁས་པས་རྟག་ཏུ་བློ་གྲོས་བསྐྱེད། །
    ༢༢
    དེ་ཉིད་ཤེས་པས་གལ་ཏེ་འདིར། །
    མྱ་ངན་འདས་པ་མ་ཐོབ་ཀྱང། །
    སྐྱེ་བ་ཕྱི་མར་འབད་མེད་པར། །
    ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །
    ༢༣
    བསམས་བཞིན་པ་ནི་བྱ་བ་ནི། །
    ཀུན་ལ་གྲུབ་པ་ཤིན་ཏུ་དཀོན། །
    འདི་ནའང་མྱང་འདས་མེད་མིན་གྱི། །
    སྦྱོར་དང་གྲོལ་རྣམས་རྙེད་པར་དཀའ། །
    བཅུ་པ། ཉོན་མོངས་པ་དང་སྐྱེ་བ་ལྡོག་ནུས་སུ་བསྟན་པ་ནི།
    ༢༤
    ལུས་ལ་ཡོན་ཏན་མེད་ཐོས་ནས། །
    འདོད་ཆགས་ཡུན་རིང་མི་གནས་ཏེ། །
    ལམ་དེ་ཉིད་ཀྱིས་ཐམས་ཅད་ཀྱང། །
    ཟད་པར་འགྱུར་བ་མ་ཡིན་ནམ། །
    ༢༥
    ཇི་ལྟར་ས་བོན་མཐའ་མཐོང་ཞིང་། །
    དེ་ལ་ཐོག་མ་ཡོད་མིན་ལྟར། །
    དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །
    སྐྱེ་བའང་འབྱུང་བར་མི་འགྱུར་རོ། །
    རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་སློབ་མ་ཡོངས་སུ་སྦྱང་པ་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ། །
    རབ་ཏུ་བྱེད་པ་དགུ་པ། དངོས་པོ་རྟག་པ་དགག་པ་བསྒོམ་པ་བསྟན་པ།
    གཉིས་པ་དོན་དམ་བདེན་པ་ལ་བརྟེན་ནས་གྲོལ་བྱེད་གྱི་ལམ་བཤད་པ་ལ། སྟོང་ཉིད་གཏན་ལ་དབབ། རབ་བྱེད་ཀྱི་དགོས་པ་བསྟན། ཀླན་ཀ་ལྷག་མ་སྤང་བ་དང་གསུམ་གྱི་དང་པོ་ལ། མཚན་གཞི་འདུས་བྱས་ཀྱི་རང་བཞིན་དགག །མཚན་ཉིད་སྐྱེ་སོགས་ཀྱི་རང་བཞིན་དགག་པ་གཉིས་ཀྱི་དང་པོ་ལ། རྟག་པའི་དངོས་པོ་དགག བལྟ་བར་བྱ་བ་དགག །དབང་པོ་དང་དོན་དགག །མཐར་འཛིན་པ་དགག་པའོ། །དང་པོ་ལ་སྤྱིར་དགག །ཁྱད་པར་དུ་དགག་པ་གཉིས་ཀྱི་དང་པོ་ནི།

    ཐམས་ཅད་འབྲས་བུའི་དོན་སྐྱེ་བ། །
    དེས་ན་རྟག་ཡོད་མིན་དེའི་ཕྱིར། །
    ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །
    དེ་བཞིན་གཤེགས་པ་ཡོད་མ་ཡིན། །

    གང་ཞིག་གང་ན་ནམ་དུ་ཡང་། །
    མ་བརྟེན་པར་ནི་ཡོད་ཉིད་མེད། །
    དེས་ན་ནམ་ཡང་གང་ཞིག་ཏུའང་། །
    རྟག་པ་འགའ་ཡང་ཡོད་མ་ཡིན། །
    གཉིས་པ་ཁྱད་པར་དགག་པ་ལ། བདག་དགག །ནམ་མཁས་འ་དགག །དུས་དགག །རྡུལ་ཕྲན་དགག །ཐར་པ་རྟག་པ་དགག །དུས་གསུམ་རྟག་པ་དགག་པ་དང་དྲུག་གི་དང་པོ་ནི།

    རྒྱུ་མེད་པར་ནི་དངོས་པོ་མེད། །
    རྒྱུ་ལྡན་རྟག་པ་ཡོད་མིན་པ། །
    དེས་ན་རྒྱ་མེད་ལས་གྲུབ་ནི། །
    དེ་ཉིད་མཁྱེན་པས་གྲུབ་མིན་གསུངས། །

Komentáře • 1