ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བ།

Sdílet
Vložit
  • čas přidán 20. 12. 2020
  • ༄༅། །ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཁྲིམས་འཆར་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། སྲིད་བྱུས་འདི་ནི་བོད་དོན་ཐོག་ལ་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་ས་ཁུལ་བོད་མི་ཡོངས་ནས་ད་བར་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་དཔོན་རིགས་མང་དག་ཞིག་མཇལ་འཕྲད་ཀྱིས་ཞུ་སྐུལ་གནང་རྒྱུ་མཚོན་པའི་ལས་འགུལ་སྣ་མང་སྤེལ་ཡོད་པ་རེད། ད་ལན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ཐོག་ནས་ཁྲིམས་འཆར་དེར་ཚད་མཐོའི་རྒྱབ་བསྐྱོར་ཐོག་གཏན་འབེབས་གནང་ཐུབ་པ་འདི་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཀྱི་ཡོད་ལ་བོད་དོན་ཐོག་ལ་རྒྱལ་ཁ་ཆེན་པོ་ཞིག་རང་བཞིན་ཆགས་ཀྱི་ཡོད། འདི་ག་བོད་ཀྱི་བརྙན་འཕྲན་གསར་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་ལ་ཁྲིམས་འཆར་འདི་དང་འབྲེལ་ཨ་རི་ནས་དྲྭ་ལམ་བརྒྱུད་དམིགས་བསལ་བཅར་འདྲི་ཞིག་ཞུས་ཡོད།

Komentáře •