བོད་ཀྱི་བུད་མེད་གློག་བརྙན་འཁྲབ་སྟོན་མ། གཞས་མ། ཤོམ་པ་གྲགས་ཅན་རིན་ཆེན་སྒྲོལ་མའི་གཞས་གསར། འབྲོག་པ།

Sdílet
Vložit
  • čas přidán 7. 09. 2024
  • #tibetanmusic #tibet #tibetan #tibetannewsong2023 #newsong2023
    འབྲོག་པ།
    ཚིག གངས་དཔལ།
    དབྱངས། རིན་ཆེན་སྒྲོལ་མ།
    གཞས་མ། རིན་ཆེན་སྒྲོལ་མ།
    གཤོག་པས་ས་ཆེན་ལ་བསིལ་བ།།
    གནང་བའི་ཁྱུང་ཆེན་གྱི་སྤྲུལ་བ།།
    བརྟན་གཡོའི་རྔམ་ཟིལ་གྱི།
    མཛེས་སྡུག་ཁུར་བའི་ཡ་གླིང་གི་སེང་གེ།
    གདོང་ལ་ཉི་དྲེག་ཆགས་པའི་སྒམ་བརླིང་གི་འབྲོག་པ།།
    རུས་པ་རང་བྱུང་ལ་བསྟིམས་ཤིང་།།
    ཤ་ཁྲག་རྒོད་པོར་སྦྱིན་པའི་མགོན་མེད་ཀྱི་ཟས་སྦྱིན།།
    ཁྱེད་ཀྱི་རང་གཤིས་སྲ་བརྟན་ཡིན་པ་ནི།།
    རི་བྲག་ལ་དཔེ་བལྟས་པས་ཡིན།།
    ཁྱེད་ཀྱི་བློ་ཁོག་དཀྱེལ་ཆེ་བ་ནི།།
    རྩྭ་ཐང་ལ་བྲང་ཁ་གླན་པས་ཡིན།།
    ཁྱེད་ཀྱི་སྐད་གསང་མཐོ་བ་ནི།།
    རྫ་ཆུས་ངག་སྒོ་ཕྱེས་པས་ཡིན།།
    ཁྱེད་ཀྱི་གཤིས་ཀ་མཁྲེགས་པ་ནི།།
    རྐྱང་འབྲོང་ལ་འདྲིས་ཆེ་བས་ཡིན།།
    ཐུགས་བསྐྱེད་གངས་ལ་བཞག་པས་བསམ་པ་དཀར།།
    གངས་ཆུ་རུས་ལ་འཐིམ་པས་གཞུང་རྒྱུད་དྲང་།།
    ས་བདག་གཞི་བདག་ལ་སྐྱེས་པའི་མེས་པོའི་རྣམ་ཤེས།།
    ནམ་མཁའ་དང་སྤྲིན་དཀར་གོས་སུ་གོན་པའི་འབྲོག་པ་ཡ།།
    ཁྱེད་ཀྱིས་རང་ཉིད་སྐྱེས་རི་དང་ཉེ་བར་བཏུད་དེ།།
    ཉི་ཟླའི་འོད་ཟེར་གྱིས་བཀྲུས་པའི་དྭངས་གཙང་གི།
    སེམས་པ་ཡང་རང་བྱུང་ལ་ཕུལ་ཡོད།།
    གཤོག་པས་ས་ཆེན་ལ་བསིལ་བ།།
    གནང་བའི་ཁྱུང་ཆེན་གྱི་སྤྲུལ་བ།།
    བརྟན་གཡོའི་རྔམ་ཟིལ་གྱི།།
    མཛེས་སྡུག་ཁུར་བའི་ཡ་གླིང་གི་སེང་གེ།།
    གདོང་ལ་ཉི་དྲེག་ཆགས་པའི་སྒམ་བརླིང་གི་འབྲོག་པ།།
    རུས་པ་རང་བྱུང་ལ་བསྟིམས་ཤིང་།།
    ཤ་ཁྲག་རྒོད་པོར་སྦྱིན་པའི་མགོན་མེད་ཀྱི་ཟས་སྦྱིན།།
    ཁྱེད་ཀྱི་རང་གཤིས་སྲ་བརྟན་ཡིན་པ་ནི།།
    རི་བྲག་ལ་དཔེ་བལྟས་པས་ཡིན།།
    ཁྱེད་ཀྱི་བློ་ཁོག་དཀྱེལ་ཆེ་བ་ནི།།
    རྩྭ་ཐང་ལ་བྲང་ཁ་གླན་པས་ཡིན།།
    ཁྱེད་ཀྱི་སྐད་གསང་མཐོ་བ་ནི།།
    རྫ་ཆུས་ངག་སྒོ་ཕྱེས་པས་ཡིན།
    ཁྱེད་ཀྱི་གཤིས་ཀ་མཁྲེགས་པ་ནི།།
    རྐྱང་འབྲོང་ལ་འདྲིས་ཆེ་བས་ཡིན།།
    འབྲོག་པ་ཡ།།

Komentáře • 2

  • @JampaDolma-ov6ro
    @JampaDolma-ov6ro Před 8 měsíci +1

    🎉🎉🎉

  • @haramisala__
    @haramisala__ Před 4 měsíci +2

    🙏🏻🙏🏻❤❤🌹🌹🙏🏻🙏🏻👌👌 beautiful ❤️❤️