རྣམ་གྲོལ་གླིང་ཕྱག་བཏབ་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་མཛད་སྒོ།

Sdílet
Vložit
  • čas přidán 3. 05. 2023
  • ༄༅། །དེ་རིང་བོད་རྒྱལ་ལོ་ ༢༡༥༠ ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༥ ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་གསུམ་པ་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་ནས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་བགྲང་བྱ་ ༦༠ དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་བགྲང་བྱ་ ༣༠ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་ཡོད།
    མཛད་སྒོའི་ཐོག་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། རྣམ་གླིང་དབུ་འཛིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། དེ་བཞིན་རང་གཞུང་ཆོས་རིག་དྲུང་ཆེ། བལ་ཡུལ་རིགས་གཞུང་དང་ཡུལ་སྐོར་བློན་ཆེན་གྱི་སྐུ་ཚབ། འབྲས་ལྗོངས་དགོན་གནས་དྲུང་ཆེ། དེ་བཞིན་སྐྱབས་གནས་དགེ་འདུན་པ་དང་བཙུན་མའི་སྡེ། ས་གནས་མི་མང་བཅས་ཀྱི་དབུས་སུ་མཛད་སྒོའི་གསུང་བཤད་དང་། བཀའ་དྲིན་རྗེས་དྲན་གྱི་ཕྱག་རྟགས་འབུལ་བ་བཅས་ཀྱིས་མཇུག་ལེགས་པར་གྲུབ་ཡོད།
    Namdroling Monastery (the Golden Temple) founded by the Third Supreme Head of Nyingma tradition, His Holiness Drubwang Pema Norbu Rinpoche celebrated its 60th Anniversary and Tsogyal Shedrub Dargyeling Nunnery its 30th Anniversary on the 25th of April, 2023.
    The celebratory ceremony was presided over by the two Chiefs of Namdroling Monastery Chogtrul Gyangkhang Rinpoche and Chogtrul Mugsang Kuchen Rinpoche, Khenchen Namdrol Tsering Rinpoche, Khenchen Tsewang Gyatso Rinpoche, the Speaker of the Parliament of the Central Tibetan Administration Khenpo Sonam Tenphel, the Secretary of CTA’s Religion and Cultural Department, a Representative of the Honorable Minister of Culture, Tourism and Civil Aviation of the Government of Nepal and the Secretary of Ecclesiastical Affairs Department of Sikkim, along with the monks, nuns and the local communities. The event was celebrated with the delivering of speeches and the giving of presents.

Komentáře •