ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་རྣལ་འབྱོར་པ་ཆེན་པོ་དགེ་སློང་དཀོན་མཆོག་རྟ་མགྲིན།

Sdílet
Vložit
  • čas přidán 21. 08. 2024
  • དོན་གྱི་དགེ་སློང་དཀོན་མཆོག་རྟ་མགྲིན།
    དེ་འང་འབྲི་གུང་བཀའ་བརྒྱུད་ཨོཾ་བརྒྱ་དགོན་ནི་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་གི་རི་ལྡེབས་སུ་གནས་ཞིང་དེར་དགེ་འདུན་པ་ཁྱོན་བཅུ་ཕྲག་བཞི་ཙམ་ཞིག་བཞུགས་ཡོད། དགོན་པའི་དགེ་འདུན་པ་རྣམས་ལ་དགེ་སློང་དཀོན་མཆོག་ཚུལ་ཁྲིམས་རིན་པོ་ཆེས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་བཀའ་ཁྲིད་གནང་བའི་བཀའ་དྲིན་ལས་དགེ་འདུན་པ་ཚང་མ་སྐུ་མཚམས་མ་བཞུགས་པ་མེད། ཨོཾ་བརྒྱ་དགོན་གྱི་དགེ་སློང་དཀོན་མཆོག་རྟ་མགྲིན་མཆོག་ནི་ ཁམས་སྡེ་རོང་རྫོང་བྲག་སྐས་གྲོང༌། ཞམས་མ་ཚང་དུ་ཡབ་ཨོ་རྒྱན་ཏིང་འཛིན་དང༌། ཡུམ་ཚེ་རིང་དབྱངས་འཛོམས་གཉིས་ཀྱི་སྲས་སུ་ སྤྱི་ལོ་༡༩༤༣ལོར་སྐུ་འཁྲུངས་ཤིང༌། འབྲི་གུང་བཀའ་བརྒྱུད་ཨོཾ་བརྒྱ་དགོན་དུ་ཆུང་གཞོན་ནུའི་སྐབས་ནས་རབ་ཏུ་བྱུང༌། ཁོང་གི་སྐྱ་མིང་ལ་ཨོ་རྒྱན་རྡོ་རྗེ་ཞུ་བ་དང་སྤྱི་ལོ་༡༩༩༢ལོར་འབྲི་གུང་བཀའ་བརྒྱུད་གདན་ས་འབྲི་ཐེལ་བྱང་ཆུབ་གླིང་དུ་ཆོས་ཞུར་ཕེབས། ཁྲིད་དཔོན་གྲུབ་དབང་བསྟན་འཛིན་ཉི་མ་རིན་པོ་ཆེའི་སྐུ་མདུན་དུ་བཅར་ཏེ་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ལུང་ཞུས་ནས་སྐུ་མཚམས་ལ་བཞུགས། དེ་རྗེས་ཕ་ཡུལ་དུ་ཕྱིར་ཕེབས་ནས་ཨོཾ་བརྒྱ་དགོན་དུ་དབུ་མཛད་མཛད་ཤིང་བཞུགས། སྐབས་དེར་དགོན་པའི་ནང་བྱ་བ་ཆེ་ཆུང་སྣ་ཚོགས་ཀྱི་རྐྱེན་ཉམས་ལེན་ལ་བར་ཆད་དུ་འབྱུང་བར་དགོངས་ནས་སྦས་པའི་བརྟུལ་བཞུགས་ཀྱིས་གྲོང་དུ་བཞུགས། དོན་གྱི་འཁོར་བའི་སྡུག་བསྔལ་ལ་ཞེན་པ་གཏིང་ནས་ལོག་སྟེ། སྙན་གྲགས་བྲག་བཅའི་རྗེས་སུ་མ་འབྲངས་པར་ལྟར་སྣང་སྤྱོད་པ་སྤྲང་པོ་དང་ཁྱད་མེད་ཀྱིས་འཇིག་རྟེན་ཚེ་འདིའི་ཕུན་ཚོགས་ལ་དོན་གཉེར་གྱི་ལྟོ་གོས་གཏམ་གསུམ་རྒྱང་དུ་དོར། རྩ་བའི་བླ་མའི་བཀའ་བཞིན་ཕྱག་རྒྱ་ཆེན་པོའི་བདུད་རྩི་ལོངས་སུ་སྤྱོད་ཅིང་སྦས་པའི་བརྟུལ་བཞུགས་འཛིན་ནས་རང་ཁྱིམ་དུ་བཞུགས་པར་མཛད། དེ་ལྟ་བུའི་དམ་པ་ཁོང་རང་རིག་གདོད་མའི་རྒྱལ་ས་ཟིན་པ་གྲོང་མི་ཚོས་ག་ལ་ཤེས། ཁོང་ལ་གོས་དང་ཟས་སྤྱོད་འཇིག་རྟེན་དང་མཐུན་པར་བྱེད་དགོས་པའི་རེ་བའང་ཞུ་མྱོང་ཡོད་ལ་ཡུལ་མི་འགའ་རེས་ཁོང་ནི་སེམས་གཅོང་ཅན་རེད་བསམ་པ་དང༌། ཕྱི་ཚུལ་ལ་བལྟས་ནས་ཚོགས་ངན་བསགས་པའང་བྱུང་ཡོད། སྤྱི་ལོ་༢༠༡༨ལོའི་བོད་ཟླ་༣པའིེ་ཚེས་༡༥ཉིན་སྟེ་འཛམ་གླིང་ཡོངས་ཁྱབ་ཀྱི་སངས་རྒྱས་མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམས་གྱི་ཉིན་མོར། དགེ་སློང་དཀོན་མཆོག་རྟ་མགྲིན་ཁོང་ཁྱིམ་དུ། ན་བཟའ་གང་ཡང་མ་མཆོད་པར་ཞབས་རྡོ་རྗེ་དཀྱིལ་དཀྲུང་དང༌། ལུས་སྲོང་པོར་ཐུགས་དམ་ལ་བཞུགས་སྟེ་སྐུ་ཞིང་ལ་ཕེབས། ཁོང་ཐུགས་དམ་ལ་ཉིན་མཚན་ལྔ་བཞུགས་པ་དང་དེ་རྗེས་ཡུལ་གྱི་ལུགས་སྲོལ་ལ། ཚེ་འདས་ཀྱི་སྐུ་གདུང་ལོ་གཅིག་གཉིས་རི་ལ་བཞག་པའི་སྲོལ་ཡོད་པ་བཞིན་ཁོང་ཡང་དེ་ལྟར་བཞག་ནས་ཕྱི་ལོ་༢༠༢༠ལོའི་བོད་ཟླ་༡༠པའི་ཚེས་༡༥་ཉིན་ཨོཾ་བརྒྱ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཆོ་ག་དང་བཅས་སྐུ་གདུང་སྦྱིན་བསྲེགས་ཕུལ་བས། དེ་ཉིན་གནམ་ཤིས་དང་མེ་མཆོད་ཀྱི་དུ་བ། མེའི་རླབས་སོགས་ངོ་མཚར་བ་བྱུང༌། དེ་དག་ཐམས་ཅད་ལས་ཀྱང་ངོ་མཚར་བ་ནི་ཁོང་ཉིད་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ལམ་རིམ་མཐར་སོན་པའི་ངོ་མཚར་གྱི་རྟགས་སུ། མུ་ཏིག་ཐང་ལ་བརྡལ་བ་ལྟར་གྱི་རིང་སྲེལ་འདི་དག་ནི་དེ་གའི་ལྷག་ལུས་དགེ་འདུན་པ་དང་མི་དམངས་ཡོངས་ཀྱི་སྤྱན་ལམ་དུ་དངོས་སུ་བྱུང༌། འདི་ནི་ཕྱག་རྒྱ་ཆེན་པོ་ཉམས་ལེན་བྱིན་རླབས་ཀྱི་རྟགས་སྟོན་པ་དང༌། ལྷག་ལུས་རྣམས་ལ་མཆོད་པའི་རྟེན་དུ་གནང་བ་ཞིག་ཅི་ལ་མིན། ཨེ་མ་ངོ་མཚར་ཨ་ལ་ལ།
    ཟང་ཟིང་འཁོར་བའི་སྡུག་བསྔལ་མཚོར་འཇིགས་ཏེ། །ཁྱིམ་སྤངས་ཐར་བའི་རབ་བྱུང་གྲུར་བཞུགས་ཏེ། །དེད་དཔོན་བསྟན་འཛིན་ཉི་མ་བསྟེན་པའི་འབྲས། །བླ་མེད་དག་པའི་ཞིང་སར་གཤེགས་ཁྱེད་རྨད། །སྙན་གྲགས་བྲག་བཅའི་རྗེས་སུ་མ་འབྲངས་པར། །ཁུ་སིམ་དབེན་པ་གོས་སུ་གྱོན་བྱས་ཏེ། །ཟབ་མོ་ལྔ་ལྡན་བདུད་རྩི་ལོངས་སྤྱད་ཅིང༌། །སྦས་པའི་བརྟུལ་བཞུགས་འཛིན་ཁྱེད་ངོ་མཚར་ཆེ། ། ཚེ་འདིའི་ཕུན་ཚོགས་དོན་དུ་མ་གཉེར་བར། །ལྟོས་གོས་གཏམ་གསུམ་རྒྱང་དུ་གཡུགས་བྱས་ཏེ། །རིམ་གཉིས་ལམ་ལ་ཇི་བཞིན་བཞུགས་པ་ཡི། །རང་རིག་གདོད་མའི་རྒྱལ་ས་ཟིན་ཁྱེད་རྨད། །ཞི་དུལ་ཚུལ་ཁྲིམས་གཙང་བའི་དགེ་སློང་མཆོག །ཚེ་འདིའི་བྱ་བ་ཡོངས་སུ་རྫོགས་པའི་མཐར། །གཟུགས་སྐུ་ཆོས་དབྱིངས་ཐིམ་པའི་ལོ་གཉིས་རྗེས། །དེ་རིང་ཞུགས་འབུལ་གྲུབ་པའི་ངོ་མཚར་རྟགས། །གངས་རིའི་མདོག་ལྟར་དཀར་བའི་རིང་སྲེལ་ནི། །མུ་ཏིག་ཐང་ལ་བརྡལ་འདྲ་མང་བྱུང་འདི། །དམ་པའི་ཆོས་ཀྱི་བྱིན་རླབས་རྟགས་མཚན་དང༌། །གང་ཉིད་ལམ་རིམ་མཐར་སོན་ངོ་མཚར་རྟགས། །སྡོམ་ལྡན་ཟབ་མོ་ལྔ་ལྡན་རྣལ་འབྱོར་པ། །སྦས་པའི་རྣལ་འབྱོར་དཀོན་མཆོག་རྟ་མགྲིན་མཆོག །གཤེགས་ཚེ་ཐུགས་དམ་བཞུགས་དང་ཞུགས་འབུལ་ལས། །རིན་ཆེན་འཕེལ་གདུང་འཁྲུངས་པ་ཨེ་མ་རྨད། །དམ་པའི་ལམ་བཞུགས་དམ་པའི་སྐུར་གྲུབ་པའི། །དམ་པའི་སྐྱེས་བུ་ཆེན་པོ་ཁྱེད་ཉིད་ཀྱིས། །དག་པའི་ཞིང་དུ་ཞི་བར་མ་བཞུགས་པར། །མ་དག་ཞིང་འདིར་སླར་བྱོན་འགྲོ་དོན་འཚལ། །ཨེ་མ་ངོ་མཚར་ཆེ། སྐུ་བཞིའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང༌། །ཏེ་ལོ་ནཱ་རོ་མར་མི་དྭགས་ཕག་དང༌། །མཚུངས་མེད་ཆོས་རྗེ་འཇིག་རྟེན་གསུམ་མགོན་སོགས། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་བརྒྱ་དགོན་གྱི་འདུས་པའི་བསྟི་གནས་སུ། །ཆེན་པོའི་མིང་དང་ཟང་ཟིང་མི་བསགས་པར། །ཆོག་ཤེས་ནོར་གྱི་མི་ཚེའི་མཐའ་ཁྱོལ་བའི། །བཙུན་པའི་མིག་རྒྱན་དཀོན་མཆོག་རྟ་མགྲིན་རྨད། །རང་ལུགས་གྲུབ་ཐོབ་བརྒྱུད་པའི་ཕྱག་སྲོལ་ཏེ། །ཕྱག་ཆེན་ལྔ་ལྡན་གཞུང་བཟང་ཡིད་བཞིན་ནོར། །གྲུབ་དབང་བསྟན་ཉིའི་དྲུང་ནས་ལེགས་པར་ཐོབ། །ཉམས་ལེན་མཐར་ཕྱིན་དཀོན་མཆོག་རྟ་མགྲིན་རྨད། །མདོ་ལུགས་ཐུབ་དབང་ཤཱཀྱའི་དགེ་སློང་དང༌། །སྔགས་ལུགས་བདེ་མཆོག་འཁོར་ལོའི་ཧེ་རུ་ཀ །ཟུང་འཇུགས་ལམ་རིམ་མཐར་ཕྱིན་རྣལ་འབྱོར་པ། །ཆོས་དབྱིངས་ཀློང་བཞུད་དཀོན་མཆོག་རྟ་མགྲིན་རྨད། །མ་ཡི་མངལ་ལས་བྱོན་པ་འདྲ་ན་ཡང༌། །ཕྱི་མའི་གནས་སུ་བཞུད་སྟངས་མི་འདྲ་འདི། །ཆོས་མཐུན་དགའ་བ་སྐྱེ་བའི་སྤྱོད་པ་དང༌། །མི་མཐུན་ངོ་མཚར་སྐྱེ་བའི་མཛད་པ་རྨད། །དུས་རྒྱན་དགོན་པའི་གྲྭ་པ་དཀྱུས་མ་ཞིག །ཚེ་འདིའི་སྐུ་ལུས་དོར་བའི་ངོ་མཚར་འདིས། །གང་གིས་བརྩོན་པའི་འབྲས་བཟང་སྨིན་རྟགས་དང༌། །ཕྱག་ཆེན་ཟབ་མོའི་རིན་ཐང་ངོམ་པ་རྨད། །མཐའ་ཡས་འགྲོ་བའི་དུག་གསུམ་སེལ་ཕྱིར་དུ། །གང་གི་སློབ་པ་ལམ་གྱི་སྨོན་པ་རྣམས། །གེགས་མེད་ཡིད་བཞིན་འགྲུབ་ནས་གདུལ་བྱའི་ཆེད། །སྲིད་ཞི་མཉམ་ཉིད་ངང་ནས་སྐུ་སྤྲུལ་འཚལ། །རྒན་སྤྲོ་ཚེས་མཛད་པ་འབྲི་གུང་བཀའ་བརྒྱུད་ཨོཾ་བརྒྱ་དགོན་ནས་ཕྱི་ལོ་༢༠༢༠ཕྱི་ཟླ་༡༢ ཚེས་༦ །།

Komentáře • 7

  • @sonamtsering-nd1hf
    @sonamtsering-nd1hf Před 3 měsíci +1

    Great yogi symbol of practice

  • @paldenoshoe6392
    @paldenoshoe6392 Před 2 měsíci

    ☀️🌻🙏🏻🙏🏻🙏🏻🌻☀️

  • @jampatenzin647
    @jampatenzin647 Před 6 měsíci

    🌻🙏🏻💐🙏🏻🌅🙏🏻💐🙏🏻🌻

  • @ok12117325
    @ok12117325 Před rokem

    感恩謝謝一心頂禮吉天頌恭 祈願法輪常轉 眾生無諸病苦 欲行惡法係皆不成 祈願聖教永久不衰 禮盡諸佛 稱讚如來 廣修供養 懺悔業障 隨喜功德 請轉法輪 請佛住世 常隨佛學 恒順眾生 普皆迴向 嗡阿吽 阿熱班雜咕嚕貝瑪色德吽

  • @KonchokSomo
    @KonchokSomo Před rokem +1

    Than you for sharing the blessing. This is so amazing to see the ringsel of an accomplished being. Really special video. I am grateful to see it. 🙏🙏🙏. Tashi delek. 🌈🌈. Very rare.

  • @dolmavlogger
    @dolmavlogger Před rokem

    💐💐💐💐💐💐💐❤🙏🙏🙏🙏🙏🙏🙏

  • @LOVESHERPA_1234
    @LOVESHERPA_1234 Před rokem

    🙏🙏🙏