སྤྱི་འཐུས་ཤིག་རྒྱ་ནག་གཞུང་ཚབ་ལས་བྱེད་པར་ཐུག་ཡོད་མེད་དང་འབྲེལ་བའི་བཅར་འདྲི།

Sdílet
Vložit
  • čas přidán 12. 09. 2024
  • སྤྱི་འཐུས་ཤིག་རྒྱ་ནག་གཞུང་ཚབ་ལས་བྱེད་པར་ཐུག་ཡོད་མེད་དང་འབྲེལ་བའི་བཅར་འདྲི།

Komentáře • 7

  • @penpa888
    @penpa888 Před 6 měsíci

    🙏🙏🙏

  • @Dhundur12576
    @Dhundur12576 Před 6 měsíci

    གོང་བླ་མ་དང་། བར་ལས་འབྲས། གཤམ་མི་མང་བཅས་པར་ཁྱད་གསོད་མཁན་བཙན་བྱོལ་བའི་གུང་ཁྲན་ཏང་ཡོན་དམར་ནག་ཁྱོད་ཚོས་རྒྱ་དམར་གྱི་ལས་འགན་ཡག་ཐག་ཆོད་བསྒྲུབས་ཚར་སོང་། རྒྱའི་གསང་ལས་པ་ཐུག་མིན་རྩོད་པ་དགོས་དོན་མེད། 🫵🫵🫵

  • @worldpeace9039
    @worldpeace9039 Před 6 měsíci +1

    ངོ་མ་སྔར་ལས་དོག་པ་ཆེ་རུ་བཏང་སོང་།
    གང་ཡིན་ཟེར་ན་ཁོང་གཉིས་ས་ཆ་གཅིག་དང་མགྲོན་ཁང་གཅིག་ལྷག་པར་དུས་ཚོད་གཅིག་པ་ད་དུང་ཉིན་མོ་དེ་ཡང་བོད་མི་རྒྱ་ཆ་དགུ་བཅུ་གོ་དགུ་གོང་ས་མཆོག་གི་འཁྲུང་སྐར་གྱི་མཛད་སྒོ་ལ་འགྲོ་བའི་སྐབས་འཁེལ་འདུག
    ལར་ནས་མགྲོན་ཁང་དེའི་CCTVལ་རྟག་དཔྱད་བྱས་ཡོད་དམ།
    བདེན་པ་ཡིན་མིན་མི་ཤེས་འོང་ཀྱང་ངའི་གོ་མཐོས་ལ་མགྲོན་ཁང་དེའི་བདག་པོས་cctv ལ་སྐད་ཆ་འདྲ་མིན་བཤད་ནས་བརྟག་དཔྱད་བྱེད་འཇུག་མི་འདུག་འདི་ལ་རྒྱུ་མཚན་ཆེན་པོ་ཞིག་ཡོད་རེད་སྙམ།
    ངའི་དོག་པ་ལ་མགྲོན་ཁང་བདག་པོ་ལ་སྔར་ས་ནས་རྒྱ་དམར་གྱིས་ཁ་ལ་དངུལ་གྱིས་ཀབ་ཚར་རེད་སྙམ།
    ལར་ནས་ཁྱེད་ཚོས་རྒྱ་གུང་ཁྲན་གྱི་བལྟས་མོ་མང་པོའི་ནང་གསང་མྱུར་བྱེད་བཏང་དེ་ཚོ་མཐོང་མྱོང་ངམ་དངོས་གནས་བསམ་ཡུལ་ལས་འདས་པ་ཧང་སང་དགོས་པའི་གསང་མྱུར་གྱི་གཡོ་བྱུས་བྱེད་བཏང་ཧ་ཅང་མང་པོ་ཡོད་རེད།
    ད་དུང་ཡང་ང་ལ་དྲི་བ་མང་པོ་ཞིག་ངང་གིས་ཡོང་གི་འདུག་
    དྲི་བ་དང་པོ།
    ཁོང་གཉིས་དུས་ཚོད་གཅིག་ལ་མགྲོན་གཅིག་གི་ནང་ལ་འཛོམ་ཡོད་དུས་ཁོང་གཉིས་མགྲོན་ཁང་དེའི་ཟ་ཁང་ནང་ལ་དུས་གཅིག་ལ་འཛོམ་ཡོད་དམ་མེད།
    དྲི་བ་གཉིས་པ།
    ཁོང་གཉིས་གལ་སྲིད་དངོས་སུ་སྐད་ཆ་མ་བཤད་ཀྱང་ཐབས་གཞན་རྒྱུད་ནས་ལྕ་དངོས་སོགས་སྤྲོད་ལེན་བྱས་ཡོད་དམ་མེད།
    དྲི་བ་གསུམ་པ།
    ཁོང་གཉིས་མགྲོན་ཁང་དེའི་ནང་ལ་དངོས་སུ་ཐུག་འཕྲད་བྱས་ཡོད་པ་དང་མེད་པ་ད་དུང་ཡང་ཐག་བཅོད་བྱེད་མ་ཐུབ་པའི་རྒྱུ་མཚན་གང་རེད།
    དྲི་བ་བཞི་པ།
    བདེ་བསྲུང་ནས་ཁོང་གཉིས་ཐུག་པའི་སྤང་དག་ར་ཕྲོད་པ་ཞིག་མི་ཐུབ་ཟེར་བ་ལ།
    ཚོགས་ཙོས་ཁོང་ལ་ཞི་མེད་སྐྱོན་འཛུགས་ཡིན་པ་དང་།
    གཙང་མ་ཆགས་ཟིན་པ་རེད་ཟེར་ན་དོན་ངོ་མར་གཙང་མ་ཆགས་ཟིན་པ་རེད་དམ།
    དྲི་བ་བཞི་པ།
    ང་ཚོ་བོད་གངས་ཅན་པ་ལ་ལོ་གཅིག་གི་ནང་ལ་ཉི་མ་ཡག་ཤོག་དང་གལ་ཆེ་ཤོས་དེ་སྤྱི་ཟླ་བདུན་པའི་ཚེས་དྲུག་ཉིན་རེད།
    དེའི་ཉིན་བོད་མི་རྒྱ་ཆ་དགུ་བཅུ་གོ་དགུ་གོང་ས་མཆོག་གི་འཁྲུང་སྐར་གྱི་མཛད་སྒོ་ལ་འགྲོ་བའི་སྐབས་ཁེལ་ཡོད་ཙང་མཛད་སྒོ་ལ་མི་འགྲོ་བར་དོན་མེད་ཀྱི་ཕྱི་ལ་འགྲོ་མཁན་ཉུང་ཉུང་རེད།
    དེ་འདྲའི་ཉིན་མ་གལ་ཆེན་དེ་ལ་ལྷག་པར་བོད་མི་དམངས་ཀྱི་སྤྱི་མཐུས་ཞིག་རྒྱལ་བའི་འཁྲུལ་སྐར་གྱི་མཛད་སྒོ་ལ་མི་འགྲོ་བར་ཕར་བཞག་ནས།
    མགྲོན་ཁང་གོང་ཆེན་པོ་དེ་འདྲའི་ནང་ལ་འགྲོ་དགོས་པའི་དོན་དག་གལ་ཆེན་གང་ཡོད་དམ།
    དྲི་བ་ལྔ་པ།
    གལ་སྲིད་དེ་དུས་ཁོང་གཉིས་དངོས་སུ་མ་ཐུག་ཀྱང་ཁོང་གཉིས་ཀྱི་རོགས་པ་གཉིས་དེ་གཉིས་ཐུག་ཡོད་མེད་བདེ་སྲུང་ནས་བརྟག་དཔྱད་བྱས་ཡོད་དམ།
    དྲི་བ་དྲུག་པ།
    སྤྱི་མཐུས་ཁོང་གིས་སྔར་རོགས་པ་དེ་མར་ཆན་ཡིན་ལབ་ཡོད་རེད།
    དངོས་གནས་རོགས་པ་དེ་མར་ཆན་ཡིན་མིན་བརྟག་དཔྱད་བྱས་ཡོད་དམ་ལྷག་པར་རོགས་པ་དེ་ལ་རྒྱ་སྐད་དང་དབྱིན་སྐད་སོགས་ཀྱི་ཤེས་ཚད་གང་འདྲ་ཡོད་མེད་བརྟག་དཔྱད་ཐིལ་ཕྱིན་པ་བྱས་ཡོད་དམ་མེད།
    ངོ་མ་ང་ལ་དེ་དང་འདྲ་བའི་དོག་པ་མང་པོ་ཞིག་ངང་ཤུགས་ཀྱི་ཡོང་གི་འདུག་སོང་ཙང་ལག་ནས་རང་དབང་མེད་པར་ཡི་གེ་འདི་བྲིས་ཤོར་སོང་།
    ངས་བྲིས་པ་འདི་ཕྱོགས་ཞེན་སོགས་ཀྱིས་ཀུན་ནས་བསླངས་ནས་རྩ་བ་ནས་བྲིས་པ་མིན།
    གལ་སྲིད་དེ་འདྲ་བསམ་མཁན་ཡོད་ན་སྙིང་ནས་དགོངས་དག་ཞུ།
    བདེན་པ་ཉིད་རྒྱལ་བར་ཤོག།

    • @tseringwangchuk4371
      @tseringwangchuk4371 Před 6 měsíci

      ཁྱོད་ཀྱི་རྩ་མ་ཚང་བའི་དྲི་བ་དེ་སུ་ལ་དྲིས་བསམ་ཡིན། བོད་གཞུང་ལ་གྱོད་ཡ་བཟུང་རྒྱུ་ཡོད་ཚད་དཀྲངགས་ཤིང་གཏོར་སྐྱོན་ཡོད་ཚད་གཏོང། མངར་མེད་སྐྱུར་མེད་བཟོ་ནས་དེ་ནས་དེ་ཡིས་དཔོན་པོ་བྱེད་པ་སྤེན་པ་ཚེ་རིང་ལ་དྲིས་བསམ་ཡིན་ནམ། ཁྱོད་ཀྱི་བདེན་པ་ཉིད་དེ་སུས་ལྟ་བ་གི་བདེན་པ་རེད་ཅིག་ཤོད་དང་།

    • @worldpeace9039
      @worldpeace9039 Před 6 měsíci

      @@tseringwangchuk4371 གྲོགས་པོ་ལགས་སེམས་པ་ལྷོད་ལ་བབ་མིག་རྒྱང་རིང་ཙམ་བལྟས་དུག་ངན་ཆོལ་ཁ་ཆོས་རྒྱུད་ཀྱི་ཞེན་ཁོག་ནམ་པོའི་འོག་ཏུ་མ་ཚུད་པར་རང་མི་རིགས་སྤྱི་ཡོངས་ལ་ཕན་སེམས་ཀྱིས་རང་སེམས་མདའ་ལྟར་དྲང་ནས་བཟོ་པོའི་བློས་ད་རེས་ཀྱི་གནས་ཚུལ་དེ་ལ་དཔྱད་པ་ཞིག་བྱས་ཡོད་ན།
      ངའི་དྲི་བ་དེ་ཚོ་རྩ་མེད་ཀྱི་དྲི་ཞིག་མ་ཡིན་པར་མ་ཐར་ཡང་བསམ་བློ་ངེས་པར་གཏོང་དགོས་པ་ཆགས་ངེས།
      འོན་ཀྱང་དེ་ལས་ལྡོག་སྟེ་ལྟ་ཕྱོགས་གཞན་ཞིག་ནས་བལྟས་ན་ནི་ངོ་མ་ངས་བྲིས་པ་འདི་ཚོ་སེམས་ལ་མ་བདེ་བ་ཡོང་ངེས་པས་དགོངས་དག་ཞུ།

  • @bodyig
    @bodyig Před 6 měsíci

    སྤྱི་འཐུས་རྣམ་པ་གཉིས་ཀྱིས་སྐད་ཆ་ཡག་པོ་བཤད་འདུག ཡག་པོ་འདུག མུ་མཐུད་སྤྱི་འཐུས་ཚོས་ཕྱག་ལས་འཇུག་སྐྱོང་ཡག་པོ་གནང་ཐུབ་པ་བྱུང་ན་ཡག་པོ་རེད།