New Tibetan Kongpoe Gorshey by Tenzin Namgyal || ཀོང་པོའི་སྒོར་གཞས། || 2022

Sdílet
Vložit
  • čas přidán 27. 11. 2022
  • ཚེ་རིང་སྐྱིད་པའི་ནམ་མཁར་གཟིགས་དང་།
    གངས་སྟོད་དང་མཐོན་པོ། ཚེ་རིང་སྐྱིད་པའི་ནམ་མཁའ་ཡ་ལ་གསན་བཞིན་པ་གནོངས་དང༌།
    སེང་གེ་དང་དཀར་མོ། གཡུ་རལ་ཡག་མོ་ངོམ་ས་ཕྱོགས་ནས་ལོག་རེ་འགྲོ་ཡ།
    བྲག་སྟོད་དང་མཐོན་ལ་པོ། ཚེ་རིང་ལ་སྐྱིད་པའི་ནམ་མཁའ་ཡ་ལ་གསན་བཞིན་པ་གནོངས༌དང་།
    ཐང་དཀར་དང་རྒོད་ལ་པོ། གཤོག་རྩལ་ཡག་མོ་ངོམ་ས་ཕྱོགས་ནས་ལོག་རེ་འགྲོ༌ཡ།
    སྤང་སྟོད་དང་མཐོན་ལ་པོ། ཚེ་རིང་སྐྱིད་པའི་ནམ་མཁའ་ཡ་ལ་གསན་བཞིན་པ་གནོངས་དང༌།
    ཤྭ་བ་དང་འབྲོང་ལ་ཆུང་། རྭ་རྩལ་ཡག་མོ་ངོམ་ས་ཕྱོགས་ནས་ལོག་རེ་འགྲོ༌ཡ།
    ལྕང་གླིང་དང་གྲུ་ལ་བཞི། ཚེ་རིང་སྐྱིད་པའི་ནམ་མཁའ་ཡ་ལ་གསན་བཞིན་པ་གནོངས་དང༌།
    བྱིའུ་ཆུང་དང་འཇོལ་ལ་མོ། གསུང་སྐད་ཡག་མོ་ངོམ་ས་ཕྱོགས་ནས་ལོག་རེ་འགྲོ༌ཡ།
    མཚོ་སྟོད་དང་མཐོན་ལ་པོ། ཚེ་རིང་སྐྱིད་པའི་ནམ་མཁའ་ཡ་ལ་གསན་བཞིན་པ་གནོངས་དང༌།
    ཉ་ཆུང་དང་གསེར་ལ་མིག་སྒྲོ་བརྒྱད་ཡག་མོ་ངོམ་ས་ཕྱོགས་ནས་ལོག་རེ་འགྲོ་ཡ།
    མདའ་ར་དང་གྲུབ་ལ་བཞི། ཚེ་རིང་སྐྱིད་པའི་ནམ་མཁའ་ཡ་ལ་གསན་བཞིན་པ་གནོངས་དང༌།
    གེ་སར་དང་རྒྱལ་ལ་པོ། དཔའ་རྩལ་ཡག་མོ་ངོམ་ས་ཕྱོགས་ནས་ལོག་རེ་འགྲོ༌ཡ།
    བོ་ར་དང་སྒོར་ལ་མོ། ཚེ་རིང་སྐྱིད་པའི་ནམ་མཁའ་ཡ་ལ་གསན་བཞིན་པ་གནོངས་དང༌།
    སེང་ལྕམ་དང་འབྲོག་ལ་མོ། གླུ་གཞས་ཡག་མོ་ངོམ་ས་ཕྱོགས་ནས་ལོག་རེ་འགྲོ༌ཡ།
  • Hudba

Komentáře • 27