New Tibetan Song || སངས་རྒྱས་དངོས་བྱོན། || Thrungkar Official Video

Sdílet
Vložit
  • čas přidán 29. 06. 2023
  • New Tibetan Song || སངས་རྒྱས་དངོས་བྱོན། || Thrungkar Official Video
    ཚིག སེར་ཤུལ་རབ་གསལ།
    གཞས་པ། ཁ་བ་དཀར་པོ། ཁམས་པ་ཤེས་རབ།
    གཞས་མ། བསྟན་འཛིན་པ་སངས། བསྟན་འཛིན་འཛོམས་དཀར།
    Song Lyrics
    བོད་ཆོས་ལྡན་གངས་རིའི་ཞིང་ཁམས་ལ།
    ལྷ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་འཁྲུངས།
    མ་འགྲོ་བའི་བདེ་སྡུག་བརྩེ་བས་གཟིགས་ཨོ།
    འདི་དྲན་ན་ང་ཚོ་བསོད་ནམས་ཆེ།
    ང་ཡི་བླ་མ། སངས་རྒྱས་དངོས་བྱོན།
    ཁྱེད་མཇལ་དུས་ང་ཚོ་སྤྲོ་བས་གང་།
    ཁྱེད་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
    ངས་བླ་མའི་འཁྲུངས་སྐར་དེ་རིང་བསུ།
    གནས་བྱིན་ཆེན་རྒྱ་གར་འཕགས་ཡུལ་ན།
    ངའི་བླ་མ་བསྟན་འཛིན་རྒྱ་མཚོ་བཞུགས།
    ཐུགས་བྱང་ཆུབ་སེམས་ཀྱིས་འཛམ་གླིང་སྐྱོང་ཨོ།
    གསུང་ཆོས་ཀྱི་སྒྲོན་མེ་འོད་མདངས་རྒྱས།
    ང་ཡི་བླ་མ། ཞི་བདེའི་དེད་དཔོན།
    ཁྱེད་མཇལ་དུས་ང་ཚོ་སྤྲ་བས་གང་།
    ཁྱེད་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
    ངས་བླ་མའི་འཁྲུངས་སྐར་དེ་རིང་བསུ།
    བོད་ཆོས་ལྡན་གངས་རིའི་ཞིང་ཁམས་ལ།
    བྱམས་སྙིང་རྗེ་ལྡན་པའི་བླ་མ་འཁྲུངས།
    མཚན་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་ཨོ།
    འདི་དྲན་དུས་ང་ཚོར་སྤྲོ་སེམས་འཁོར།
    ང་ཡི་བླ་མ། ཡིད་བཞིན་ནོར་བུ།
    ཁྱེད་མཇལ་དུས་ང་ཚོ་སྤྲོ་བས་གང་།
    ཁྱེད་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
    ངས་བླ་མའི་འཁྲུངས་སྐར་དེ་རིང་བསུ

Komentáře • 543