བསམ་པའི་དོན་འགྲུབ། - སྙིང་གི་ནོར་བུ་ཁྱོད་ཡིན། Sampey Dhondup - Nying Gi Norbu Khoe Yin (Audio)

Sdílet
Vložit
  • čas přidán 12. 03. 2023
  • ཨ་ཆེན་ཟངས་དཀར་རི་ལ།།
    གཡང་དཀར་སྟོང་ལུག་བཀྲམ་ཡོད།།
    འབའ་འབའ་ལུ་གུ་ཆ་འཛོམས།།
    ཟངས་དཀར་རི་ལ་ཚེ་རིང་།།
    གཡང་མོའི་འབའ་སྐད་འཚོ་བའི།།
    སྨིན་རིས་འཁྱུག་པའི་བུ་མོ།།
    རི་མགོའི་སྨུག་པ་ཁྱོད་ཡིན།།
    དྲན་པའི་ན་བུན་ཁྱོད་ཡིན།།
    རི་སྐྱེས་མེ་ཏོག་ཚོམས་ཀྱི།།
    རྒུ་དྲུས་མེ་ཏོག་འདྲ་བ།།
    བྲེད་ཤ་ཐོན་པའི་སྤྱན་ལས།།
    འཇིག་རྟེན་སྣང་བ་གླེང་ཤིང་།།
    ཐོད་པའི་རྒྱ་ཚགས་ནང་ན།།
    གཡུ་བཟང་ལོ་ལ་འཁྲུངས་པའི།།
    སེར་ཆེན་མེ་ཏོག་ཁྱོད་ཡིན།།
    སྣང་བའི་རི་མོ་ཁྱོད་ཡིན།།
    ཨ་ཆེན་གཡེར་མོ་ཐང་ལ།།
    རོག་མོ་འབྲི་བརྒྱ་འཁོར་ཡོད།།
    བེའུ་ཆུང་ཟོམ་ཁྲ་ཆ་འཛོམས།།
    གཡེར་མོ་ཐང་ལ་ཚེ་རིང་།།
    ཟལ་དཀར་ནུ་བཞི་འཇོ་བའི།།
    ཁ་འབྲས་མཚར་བའི་བུ་མོ།།
    རུ་སྡེའི་རྨི་ལམ་ཁྱོད་ཡིན།།
    རྗེ་བཙུན་སྒྲོལ་མ་ཁྱོད་ཡིན།།
    ལན་བུའི་ཚགས་སུ་བསྟར་བའི།།
    གཡུ་ཆུང་ལྡེམ་ལ་འཚེར་བ།།
    སྣང་བ་ལྡེམ་འགྲོས་རྒྱག་པའི།།
    ཡིད་འོང་གཞོན་ཤ་འཇམ་པའི།།
    བསུང་ཞིམ་བསྣམས་པའི་བུ་མོ།།
    ཁྲ་ཆུང་མིག་ལ་ལྷུང་ན།།
    མིག་གི་བུ་ལོན་ཁྱོད་ཡིན།།
    སྙིང་གི་ནོར་བུ་ཁྱོད་ཡིན།།
    ཨ་ཆེན་ན་དམར་གཞུང་ལ།།
    འདོ་རིག་རྟ་བརྒྱ་འདུས་ཡོད།།
    རྟེའུ་བརྒྱའི་རྟེན་འབྲེལ་ཆ་འཛོམས།།
    ན་དམར་གཞུང་ལ་ཚེ་རིང་།།
    རྟ་ཁྱུ་འཚོ་བའི་ཤར་ལུ།།
    ང་རང་ཡིན་ན་དགའ་བ།།
    རི་ལ་ལུག་ཁྱུ་འཚོ་རོགས།།
    གཞུང་ལ་རྟ་ཁྱུ་འཚོ་རོགས།།
    རྟ་ཕོ་ཁ་དཀར་རྐྱང་ཆུང་།།
    གོམ་པའི་འགྲོས་ཁ་ཚ་བ།།
    རྟ་མགོ་ཚེ་རིང་རྣམ་དྲུག།
    རྔ་རྔོག་ལྷོ་སྤྲིན་ཕྱུག་མོ།།
    སྙན་པའི་འཚེར་སྐད་ལྷང་ལྷང་།།
    ཡར་ལུང་སྡེ་ཁྲ་འགྲིམ་ན།།
    སེམས་ཀྱི་སྨོན་པ་དེ་ཡིན།།
    ཡིད་ཀྱི་ལམ་པ་དེ་ཡིན།།
    སེམས་ཀྱི་སྨོན་པ་དེ་ཡིན།།
    ཡིད་ཀྱི་ལམ་པ་དེ་ཡིན།།
    #sampeydhondup #tibetansong2023 #tibetansong
  • Hudba

Komentáře • 1