Watch Kunleng Full Broadcast Live Aug 02, 2024 VOA Tibetan ཀུན་གླེང་ཐད་གཏོང་། ༢༠༢༤ ཟླ་ ༨ ཚེས་༢

Sdílet
Vložit
  • čas přidán 8. 09. 2024
  • ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་ཨུ་རུ་སུའི་ལོ་རྒྱུས་རང་བཞིན་ལྡན་པའི་བཙོན་པ་བརྗེ་རེས་སྐོར་དང་། དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་ཐེངས་གཉིས་པ་ཚུགས་པ། བྷ་ལིན་ཁེན་སོག་ཡུལ་དུ་ཕེབས་ཏེ་སྲིད་བློན་དང་མཇལ་མོལ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་དོན་ལས་འགུལ་བ་བསྟན་འཛིན་རྣམ་རྒྱལ་ལགས་གདན་ཞུས་ཀྱིས་ཨོ་ལིམ་པིག་རྩེད་འགྲན་དང་བོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞུ་རྒྱུ་ཡིན།
    » Subscribe to VOA Tibetan: www.youtube.co...
    ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་ཕྱི་ལོ་༡༩༩༠ ཟླ་༢ ཚེས་༡༦ ཉིན་ཨ་རིའི་གྲོས་ཚོགས་ཀྱིས་བོད་མི་དམངས་ལ་བོད་སྐད་རང་གི་ཐོག་རྒྱང་སྲིང་ལས་རིམ་ཞིག་འཛུག་དགོས་པའི་བཅའ་ཁྲིམས་གཏན་འབེབས་གནང་སྟེ་ཚུགས་པ་དང་། དེ་ནི་རྒྱ་ནག་གཞུང་གིས་གསར་འགྱུར་དམ་དྲག་བྱས་ཡོད་པའི་བོད་ཁམས་ཡོངས་སུ་གནས་ཚུལ་ཇི་མ་ཇི་བཞིན་ཁྱབ་སྤེལ་བྱ་རྒྱུར་དམིགས་ཡོད། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བདུན་ཕྲག་རེར་ཆུ་ཚོད་གསུམ་རེའི་བརྙན་འཕྲིན་ལས་རིམ་གཏོང་བཞིན་པར་མ་ཟད་ཉིན་མཚན་དབྱེར་མེད་ཐོག་ཆུ་ཚོད་༢༤་རིང་མཚམས་ཆད་པ་མེད་པར་རླུང་འཕྲིན་རྒྱང་སྲིང་བྱེད། ཨ་རིའི་རླུང་འཕྲིན་ཁང་གིས་བོད་དང་། བཙན་བྱོལ་བོད་མི་འདུས་སྡོད་བྱེད་ས་ཁག ཧི་མ་ལ་ཡའི་རི་རྒྱུད་ཀྱི་གསན་མཁན་དང་གཟིགས་མཁན་ཡོངས་ལ་དམིགས་ཏེ་འཁོར་སྐར་བརྒྱུད་བརྙན་འཕྲིན་དང་རླུང་འཕྲིན་རྒྱང་སྲིང་བྱེད་ཅིང་། དྲྭ་ལམ་དང་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་བརྒྱུད་བོད་དང་འཛམ་གླིང་གསར་འགྱུར་ནི་བརྙན་འཕྲིན་དང་། སྒྲ། ཡིག་ཐོག་བཅས་ནས་འགྲེམ་སྤེལ་བྱེད་བཞིན་ཡོད།
    VOA Tibetan reaches its audience through television, radio, the Internet, and social media platforms with uncensored news unavailable to Tibetans through state-controlled Chinese media. VOA offers discussions on important issues, information that helps support Tibetan civil society, and counters official Chinese propaganda and misinformation about the U.S. VOA Tibetan audiences are located in the Tibet Autonomous Region, the autonomous Tibetan areas in the Chinese provinces of Qinghai, Sichuan, Gansu, and Yunnan, and in Bhutan, Nepal, and India-where Tibetan speakers live.
    » VISIT OUR WEBSITE: www.voanews.com
    » LIKE OUR FACEBOOK PAGE: / voatibetan
    » FOLLOW US ON INSTAGRAM: / voatibetan
    » FOLLOW US ON TWITTER: / voatibetan
    » 24 hour Radio Show streaming:www.voatibetan...

Komentáře • 8

  • @smanpajigdral3531
    @smanpajigdral3531 Před měsícem +1

    ནོར་བུ་བསམ་འཕེལ་ལགས། ཁའི་ནང་གི་ལུད་པ་དེ་མར་གཡུག་ནས་བཤད་ན་ལེགས།

  • @dekyedakpa9358
    @dekyedakpa9358 Před měsícem

    🎉🎉🎉🎉🎉

  • @jinpagyatso2988
    @jinpagyatso2988 Před měsícem

    👍👍🙏

  • @jigmethok2388
    @jigmethok2388 Před měsícem

    🎉🎉🎉🎉🎉🎉🎉🎉🎉

  • @chusanglama1273
    @chusanglama1273 Před měsícem +1

    གཟིགས་མོ་གཟིགས་ཅེས་ཞུ་བ་ལས་གཟིགས་མོ་གནངཅེས་པ་དེ་རིང་བར་ཐོས་མྱོང་མེད་པས་ཁྱེད་རྣམ་པས་རང་གི་སྐད་ཕ་ལ་ཐུགས་གཟབ་གནང་རོགས།་

  • @karmalodoe5471
    @karmalodoe5471 Před měsícem

    When he gonna retire. Omg

  • @Sam2013ful
    @Sam2013ful Před měsícem +2

    Tenam 😡

    • @lobsanggava7330
      @lobsanggava7330 Před měsícem

      དུས་ཚོད་ཕྲོག་ལག་གཏང་མཁན་དེ་འདྲ་སྐད་གཏང་ག་བྱེད་རེད