(འདོན་ ༡༧༠) ཕྱི་ལོ་ ༢༠༡༨ བོད་མིའི་གནས་ཡུལ་རྒྱལ་ཁབ་ཀྱི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི།

Sdílet
Vložit
  • čas přidán 11. 09. 2024
  • ཕྱི་ལོ་ ༢༠༡༨ ལོ་འདི་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་ ༡༥ པའི་འཛམ་གླིང་ནང་བོད་མི་གནས་སྡོད་བྱེད་ཡུལ་རྒྱལ་ཁབ་ཀྱི་གཞུང་དང་མི་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། ལྷག་པར་ལོ་འདི་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཙོ་བོར་གྱུར་བའི་བོད་མི་ཁྲི་བརྒྱད་ལྷག་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ འགོ་འཙུགས་ཀྱི་ཡོད་པར་བརྟེན་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་ནས་ཐུགས་རྗེ་ཆེ་ཞུའི་ལོ་འདི་བཞིན་སྲུང་བརྩི་ཞུ་ཆེད་དུ་ལས་རིམ་གཞི་རྒྱ་ཆེ་བ་སྣ་མང་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་རེད། བྱས་ཙང་ ༢༠༡༨ ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་ཕྱོགས་དང་དེ་བཞིན་ལས་གཞི་འདིའི་གལ་གནད། ལྷག་པར་དུ་རྒྱ་གར་ནང་དུ་ལས་རིམ་སྲུང་བརྩི་གང་འདྲ་ཞུ་འཆར་ཡོད་པ་སོགས་ཀྱི་ཐད་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་རྣམ་གཉིས་དང་མཉམ་དུ་བགྲོ་གླེང་ཞུས་ཡོད།
    This is a panel discussion about 'Thank you' campaign organised by Central Tibetan Administration for the year 2018 to express gratitude to the government and people of all countries that host Tibetan people. In India, various activities are being planned to mark the campaign.

Komentáře •