His Eminence Ling Rinpoche, at the request of TIPA, arrived at TIPA institute

Sdílet
Vložit
  • čas přidán 15. 02. 2023
  • ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༥༸རྒྱལ་བའི་སྐུ་ཡི་ལྷག་དཀར་དགེ་བའི་ཉིན་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་འདི་ག་བོད་ཀྱི་ཟློས་གར་ཚོགས་པར་ཞབས་གསོར་བཀྲིན་བསྐྱངས་སྐབས་འགོ་ལས་ཚོགས་མི་ཡོངས་ནས་དགའ་སྟོན་རྟེན་འབྲེལ་དུ་གྲོ་སོ་ཕྱེ་མ་བཏེགས་ཤིང་།ཆང་ཕུད་དང་མཆོད་སྤྲིན་རོལ་དབྱངས་ཀྱིས་ཕེབས་བསུ་ཞུས་ཏེ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གྲུབ་རྗེས་མཆོད་ཁང་དང་སྒྱུ་རྩལ་ཉམས་ཞིབ་ཁང་།རོལ་དབྱངས་དཔེ་མཛོད་ཁང་ཉམས་བཟོ་གསར་རྒྱག་ལེགས་གྲུབ་བྱུང་བར་རབ་གནས་ཐུགས་སྨོན་གསོལ་སྩལ་གནང་།གར་གླུའི་རིག་རྩལ་ཁང་དུ་གདན་ཞུས་ཀྱིས་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་དགའ་བསུའི་འཚམས་འདྲི་ཞུས་ཏེ་ད་ལྟའི་གནས་བབ་ངོ་སྤྲོད་སྙིང་བསྡུས་སྙན་སྒྲོན་ཞུས་རྗེས་རྟེན་འབྲེལ་དགའ་སྟོན་དུ་མཆོད་སྤྲིན་གར་རོལ་དང་རྔོན་པའི་འདོན་གཟིགས་ཕུད་ཞུས་རྗེས་༸སྐྱབས་རྗེ་ཡོངས་འཛིན་གླི་མཆོག་སྤྲུལ་རིན་པོ་མཆོག་ནས་དགེ་ལས་ཚོགས་མི་ཡོངས་ལ་གསུང་བདུད་བརྩིའི་བྱིན་རླབས་ཀྱི་བཀའ་སློབ་བཀྲིན་བསྩལ་གནང་བ་དང་།མཐར་ཚོགས་མི་ཡོངས་ལ་གསེར་ཞལ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་བསྩལ་གནང་མཛད།
    On 15th of February 2023 - Lhakar day - His Eminence Ling Rinpoche, at the request of TIPA, arrived at TIPA institute where the entire staff and students welcomed him in the traditional ceremonial style. After being served the ceremonial tea and sweetened rice, he consecrated and blessed the main prayer hall and site meant for building of research and musical library. While at brief gathering held in the hall in honour of Rinpoche, the director of institute addressed the gathering by extending heartiest welcome to Rinpoche and gave an overview of the institute. And as mark of ceremony, he was presented with “GARLU & NGONPA DON“ by the artists. All the members of the institute felt immensely blessed by the rare opportunity of an audience with him and for the nactar of advice.
  • Hudba

Komentáře • 10