Honorific terms ཕལ་སྐད་ཞེ་ས།

Sdílet
Vložit
  • čas přidán 9. 09. 2024
  • Dzongkha Nursery Rhymes
    ཕལ་སྐད་ཞེ་ས་ལྷབ་གེ།
    ཡ་ཨ་ལུ་ཚུ་ཕལ་སྐད་ཞེ་ས་ལྷབ་གེ་སྨོ།། ཕལ་སྐད་ཞེ་ས་ཁག་ཆེཝ་ཡོད།།
    མགུ་ཏོ་ལུ་དབུ་དང་རྐངམ་ལུ་ཞབས།། ལྷ་པ་ལུ་ཤངས་དང་ཁ་ལུ་ཞལ།།
    མིག་ཏོ་ལུ་སྤྱན་དང་སྐྱ་ལུ་དབུ་སྐྲ།། དེ་ཚུ་ཕལ་སྐད་ཞེ་ས་ཨིན།།
    རྣམ་ཅོ་ལུ་སྙན་དང་སོ་ལུ་ཚེམས།། ལྕེ་ལུ་ལྗགས་དང་གཟུགས་ལུ་སྐུ་གཟུགས།།
    གདོང་ལུ་ཞལ་དང་ལགཔ་ལུ་ཕྱག། དེ་ཚུ་ཕལ་སྐད་ཞེ་ས་ཨིན།
    ཡ་ཨ་ལུ་ཚུ་ཕལ་སྐད་ཞེ་ས་ལྷབ་གེ་སྨོ།། ཕལ་སྐད་ཞེ་ས་ཁག་ཆེཝ་ཡོད།།
    ཨ་ལུ་ལགས་དང་ཤོག་ལུ་བྱོན།། འེང་ལུ་ལགས་སོ་སྡོད་ལུ་བཞུགས།།
    ཟ་ལུ་བཞེས་དང་ ལོང་ལུ་བཞེངས།། དེ་ཚུ་ཕལ་སྐད་ཞེ་ས་ཨིན།།
    སླབ་ལུ་གསུང་དང་བྱིན་ལུ་གནང་།། འབག་ཤོག་ལུ་ཞུ་གེ་ འབག་ཆི་ལུ་བསྣམས།།
    དེ་ཚུ་ཕལ་སྐད་ཞེ་ས་ཨིན།།
    Produced by Department of Culture and Dzongkha Development, Ministry of Home Affairs.
    doc.gov.bt/
    / @dzongkhadevelopmentcommiss4578
    follow us on facebook
    / yellowboxani. .
    follow us on tiktok
    / yellowboxanim. .

Komentáře •