དགོད་བྲོའི་གཏམ་གླེང་། (Tibetan Comedy) | TIPA | 2023 YARKYI

Sdílet
Vložit
  • čas přidán 14. 02. 2024
  • བོད་མི་རེའི་ཁ་ན་གླུ་རེ།
    གླུ་མི་ཤེས་ཟེར་བ་བོད་མིན། །
    བོད་ཀྱི་རིག་གནས་ཆུང་བ་ལྔའི་ཡ་གྱལ་དུ་གཏོགས་པའི་ཟློས་གར་ཞེས་པ་ནི་ལུས་ཀྱི་ཉམས་འགྱུར་། རྐང་ལག་གི་སྟངས་སྟབས། ངག་གི་སྨྲ་བརྗོད་དུ་མ་ཡང་ཡང་ཟློས་ཤིང་གར་བྱེད་པའམ། ཡང་ན་གར་སྟེགས་ཀྱི་སྣང་བརྙན་བརྐོ་བཟོ་བྱེད་རྒྱུ་དམིགས་ཡུལ་དུ་བྱེད་ཅིང་། འཁྲབ་སྟོན་པའི་འཁྲབ་བསྒྱུར་དཀྱིལ་སྙིང་དུ་གྱུར་པའི་འཁྲབ་གཞུང་དང་འཁྲབ་སྟོན། རོལ་དབྱངས། བྲོ་གར། མཛེས་རིས་སོགས་རྣམ་པ་མང་པོ་ལས་གྲུབ་པའི་སྣ་འཛོམས་ཀྱི་རིག་པའི་གཞུང་ལུགས་ཤིག་ཡིན་ལ། མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་། སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་དུ་མ་ལྡན་ཡོད་པ་མ་ཟད། འབྱུང་ཁུངས་ཡང་དག་དང་རྒྱུད་པ་བར་མི་ཆད་པ། རིག་པས་དཔྱད་རྒྱུ་ཡོད་པའི་སྲོལ་རྒྱུན་གྱི་རིག་ཚན་ཁྱད་དུ་འཕགས་པ་ཞིག་ཡིན་ཀྱང་། དེང་གི་ན་གཞོན་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་མོའི་སྒྱུ་རྩལ་དང་སྲོལ་རྒྱུན་གཞས་སྣ། ཡུལ་ལུང་ཁག་གི་ཁྱད་ཆོས་མཚོན་པའི་གནའ་བོའི་གླུ་གཞས་སོགས་ལ་དོ་དབྱིངས་མ་བྱས་པར་ཕྱི་རྒྱལ་མི་རིགས་ཁག་གི་གཞས་སྣ་དང་རོལ་དབྱངས་ལ་སེམས་ཁམས་འཐིམས་ཏེ་རིགས་ཀྱི་བྱེད་ལས་ཀྱི་ངོ་བོ་ཟད་པའི་རྣམ་པ་ཞིག་ཐོན་བཞིན་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་དམར་པོའི་གནས་ཐབས་ཤེས་ཡོད་དགུ་རྩ་དྲུག་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོང་ཤུལ་མེད་གཏོང་རྒྱུའི་དམིགས་ཡུལ་དང་། ར་མགོ་ལུག་སྦྱར་བསྲས་ལྷད་འཇུག་རྒྱུའི་ཐབས་ཤེས་གཏོང་མུས་ཡིན་པར་བརྟེན་ང་ཚོས་ལེགས་ཉེས་དབྱེ་འབྱེད་ཀྱིས་བོད་ཀྱི་སྒྱུ་རྩལ་གྱི་རིན་ཐང་ཞེས་པའི་དགོད་བྲོའི་གཏམ་གླེང་ཞིག་ང་ཚོ་རྔོན་པ་རུ་ཁག་ནས་གཟིགས་འབུལ་ཞུ་རྒྱུ་ཡིན་པས། རྒྱ་ཆེའི་སྐུ་མགྲོན་ལྷན་རྒྱས་དང་གཟིགས་མོ་བ་རྣམས་ཐུགས་དགྱེས་ཚོར་ཆེན་པོའི་ངང་གཟིགས་སྣང་ཡོང་བ་ཞུ།
  • Hudba

Komentáře • 9

  • @tenzindorjee2815
    @tenzindorjee2815 Před 5 měsíci +1

    🌹🌹🌹🙏🙏🙏👍👍👍

  • @tashiphuntsok7124
    @tashiphuntsok7124 Před 3 měsíci

    ཧ་ཅང་ཡག་པོ།

  • @tsetennorbu6771
    @tsetennorbu6771 Před 5 měsíci +2

    ❤❤❤དཔེ་ཡག་པོ་འདུག། མུ་མཐུད་ཤུགས་སྐྱོན་ཨ། གཏམ་བརྗོད་དེ་ལ་བོད་ནང་གི་གཏམ་བརྗོད་ནང་བཞིན་གྱི་བྲོ་བ་འདུག། ❤❤❤

  • @user-uf4oi6cu4i
    @user-uf4oi6cu4i Před 5 měsíci

    དཔེ ཡག པོ འདྲག

  • @phendebaychoe1654
    @phendebaychoe1654 Před 5 měsíci +1

    ❤❤❤

  • @Khambu_004
    @Khambu_004 Před 5 měsíci

    I have been searching for Tibet national anthem but could'nt find it anywhere. I request TIPA to cover the Tibet national anthem with lyrics. Thank you!!!

  • @tashiphuntsok7124
    @tashiphuntsok7124 Před 3 měsíci

    ངོ་མ་འདྲ་ས་མི་འདུག་ཨ།

  • @tibetanyesterdaytalks1865
    @tibetanyesterdaytalks1865 Před 5 měsíci

    ནང་དོན་མེད་པ། ཚིག་ངན་མང་བ། ད་དུང་ར་མ་ལུག་གི་ཕལ་སྐད་མང་བ། ད་དུང་སྒྱུར་རྩལ་ཨས། ཧཧཧཧ་

  • @user-zb5iy2uo8f
    @user-zb5iy2uo8f Před 5 měsíci

    ཤ་ཚ་་་ཧཧཧ