བོད་ཀྱི་ཟློས་གར་ཚོགས་པའི་གཞས་སྣ་གཟིགས་འབུལ།

Sdílet
Vložit
  • čas přidán 12. 02. 2021
  • ༄༅། །འདས་མ་ཐག་པའི་ལོ་ངོ་ཧྲིལ་པོའི་རིང་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་འགྲོ་བ་མི་ཡོངས་རྫོགས་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཞིག་འཕྲད་ཡོད། འོན་ཀྱང་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་བསླབ་བྱ་ལྟར། ད་ལྟ་འཕྲད་བཞིན་པའི་དཀའ་ངལ་ལ་བརྟེན་ནས་སེམས་པ་ཞུམ་ནས་མ་བསྡད་པར། ལོ་གསར་པ་འདིའི་ནང་འཇིག་རྟེན་ཁྱོན་ཡོངས་སུ་བྱམས་བརྩེ་དང་ཞི་བདེའི་འཚོ་བ་གསར་པ་ཞིག་ལ་ལོངས་སུ་སྤྱོད་ཐུབ་པའི་རེ་བ་དང་འབད་བརྩོན་བྱེད་དགོས་ངེས་ཡིན།
    དེང་སྐབས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་དུ་རྒྱལ་ཁབ་དང་སྒྲིག་འཛུགས་སོ་སོའི་ལམ་སྟོན་བཀོད་རྒྱ་ཡོད་པ་སོང་ཙང་། བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་ལོ་གསར་སྐབས། དགའ་ཉེ་སྤུན་མཆེད་སོགས་མི་མང་མཉམ་འཛོམས་ཀྱིས་ལོ་གསར་སྲུང་རྩི་ཞུ་རྒྱུ་ཁག་པོ་ཡིན་ཀྱང་། དྲ་རྒྱ་བརྒྱུད་ནས་ཕན་ཚུན་འཚམས་འདྲི་ཞུ་རྒྱུ་དང་། ལྷག་པར་ལོ་གསར་གྱི་སྤྲོ་ཚོགས་དང་གླུ་གཞས་སོགས་ཀྱི་ལས་རིམ་གོ་སྒྲིག་ཞུ་བའི་ལམ་སྲོལ་ཞིག་ཆགས་ཡོད་དུས། འདི་ག་བོད་ཀྱི་བརྙན་འཕྲིན་ནས་ཀྱང་ལོ་གསར་ཆེད་དུ་བོད་ཀྱི་ཟློས་གར་ཚོགས་པས་བཏང་བའི་བོད་ཀྱི་གླུ་གཞས་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པས། རྒྱ་ཆེའི་གཟིགས་མོ་བ་རྣམ་པ་ཐུགས་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
    ལོ་གསར་པའི་ནང་འཇིག་རྟེན་ཁྱོན་ཡོངས་སུ་ནད་མུག་འཁྲུག་རྩོད་ཀྱི་རྒུད་པ་ཡོངས་སུ་ཞི་ནས་སྐྱེ་འགྲོ་ཀུན་བྱམས་བརྩེ་དང་ཞི་བདེའི་འཚོ་བར་ལོངས་སུ་སྤྱོད་ཐུབ་པའི་སྨོན་ལམ་དང་། ལྷག་པར་ལོ་གསར་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་བདེ་ཞིང་རླབས་ཆེན་མཛད་འཕྲིན་ཕྱོགས་བརྒྱར་རྒྱས་ཏེ་རང་ཡུལ་གངས་ཅན་ལྗོངས་སུ་ཆིབས་ཞལ་བསྒྱུར་ཐུབ་པའི་སྨོན་འདུན་དང་བཅས། བོད་ཀྱི་བརྙན་འཕྲིན་གྱི་ལས་བྱེད་ཡོངས་ནས་ཁྱེད་རྣམ་པར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།

Komentáře •