New Tibetan Song 2024 | Nyidha Karsum | By Tenzin Choekyi | Official Video | ཉི་ཟླ་སྐར་གསུམ།

Sdílet
Vložit
  • čas přidán 22. 08. 2024
  • ཉི་ཟླ་སྐར་གསུམ།
    ཚིག བཀྲ་ཤིས་རྒྱལ་པོ།
    གདངས། སོག་ཤོད་དར་རྒྱས།
    ལེན་མཁན། བསྟན་འཛིན་ཆོས་སྐྱིད།
    སྐྱབས་རྒྱལ་མཆོག་གསེར་གྱི་ཉི་མ་རེད།།
    ཐུགས་བྱམས་བརྩེ་ཉི་མའི་འོད་ཟེར་རེད།།
    བོད་གངས་ཅན་མུན་པ་སེལ་མཛད་པོ།།
    ཁྱེད་མིན་པའི་ཉི་མ་གཞན་ཞིག་མེད།།
    ཨ་་་། ང་ཡི་སེམས་ཀྱི་ཉི་ཟླ་སྐར་གསུམ།
    ཨ་་་། ང་ཡི་སེམས་ཀྱི་ཉི་ཟླ་སྐར་གསུམ།
    སྐུ་ཚེ་དཔལ་རྒྱས་པའི་སྨོན་ལམ་འདེབས།
    རྗེ་ས་ཆེན་དུང་གི་ཟླ་བ་རེད།།
    གོང་ཁྲི་གདུགས་ཉི་མའི་གསལ་རོགས་རེད།།
    ནང་རྒྱལ་བསྟན་སྤེལ་བའི་ཕྱག་རོགས་རེད།།
    ཐུགས་ཡངས་པའི་གོང་མ་ཁྲི་ཆེན་མཆོག །
    ཨ་་་། ང་ཡི་སེམས་ཀྱི་ཉི་ཟླ་སྐར་གསུམ།
    ཨ་་་། ང་ཡི་སེམས་ཀྱི་ཉི་ཟླ་སྐར་གསུམ།
    སྐུ་མཛད་འཕྲིན་རྒྱས་པའི་སྨོན་ལམ་འདེབས།
    ཞིང་ཟླ་མེད་རྒྱལ་བ་ཀརྨ་པ།།
    གོང་རྒྱལ་བའི་ཐུགས་ཀྱི་སྲས་པོ་རེད།།
    བོད་དབུ་ནག་སེམས་ཀྱི་སྐར་ཆེན་རེད།།
    ཐུགས་ཤེས་རབ་འོད་ཟེར་རབ་ཏུ་འབར།།
    ཨ་་་། ང་ཡི་སེམས་ཀྱི་ཉི་ཟླ་སྐར་གསུམ།
    ཨ་་་། ང་ཡི་སེམས་ཀྱི་ཉི་ཟླ་སྐར་གསུམ།
    སྐུ་མཛད་འཕྲིན་རྒྱས་པའི་སྨོན་ལམ་འདེབས།

Komentáře • 26