Tibetan Song 2024 | Bod Gangchen | Official Video | Sogshod Dhargye | 8yang Dolma | བོད་གངས་ཅན།

Sdílet
Vložit
  • čas přidán 4. 07. 2024
  • བོད་གངས་ཅན།
    དགེ་སློབ་ཟུང་གཞས།
    ཚིག བེ་རི་འཇིགས་མེད།
    དབྱངས། སོག་ཤོད་དར་རྒྱས།
    ལེན་མཁན། བརྒྱད་དབྱངས་སྒྲོལ་མ། སོག་ཤོད་དར་རྒྱས།
    ཆོས་རིག་གནས་མཁས་པའི་དགེ་རྒན་ལགས།།
    བྱམས་སྙིང་རྗེ་ལྡན་པའི་དགེ་རྒན་ལགས།།
    བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་གང་།།
    གུས་སློབ་མའི་ཆེད་དུ་གསུང་རོགས་གནང་།།
    བྱམས་སྙིང་རྗེ་རང་གཟུགས་ཤར་བའི་ལྷ།།
    སྐྱབས་༸རྒྱལ་དབང་འཕགས་མཆོག་སྤྱན་རས་གཟིགས།།
    སྤྱིར་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་ཡིན།།
    སྒོས་གངས་ཅན་བོད་ཀྱི་ལྷ་སྐལ་རེད།།
    ཆོས་རིག་གནས་མཁས་པའི་དགེ་རྒན་ལགས།།
    བྱམས་སྙིང་རྗེ་ལྡན་པའི་དགེ་རྒན་ལགས།།
    བོད་གངས་ཅན་ལྗོངས་ཀྱི་ས་ཆ་གང་།།
    གུས་སློབ་མའི་ཆེད་དུ་གསུང་རོགས་གནང་།།
    སྟོད་མངའ་རིས་སྐོར་གསུམ་མཚོ་དང་འདྲ།།
    བར་དབུས་གཙང་རུ་བཞི་ཡུར་བ་འདྲ།།
    སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ།།
    དེ་གངས་ཅན་བོད་ཀྱི་ས་ཆ་རེད།།
    ཆོས་རིག་གནས་མཁས་པའི་དགེ་རྒན་ལགས།།
    བྱམས་སྙིང་རྗེ་ལྡན་པའི་དགེ་རྒན་ལགས།།
    བོད་གངས་ཅན་ལྗོངས་ཀྱི་མི་རྒྱུད་གང་།།
    གུས་སློབ་མའི་ཆེད་དུ་གསུང་རོགས་གནང་།།
    ཡབ་སྤྲེའུ་བྱང་ཆུབ་སེམས་པ་ཡིན།།
    ཡུམ་བྲག་སྲིན་སྒྲོལ་མའི་རྣམ་སྤྲུལ་ཡིན།།
    རྒྱུད་མ་ཉམས་མིའུ་གདུང་དྲུག་ཡིན།།
    དེ་གངས་ཅན་བོད་ཀྱི་མི་རྒྱུད་རེད།།
    ཆོས་རིག་གནས་མཁས་པའི་དགེ་རྒན་ལགས།།
    བྱམས་སྙིང་རྗེ་ལྡན་པའི་དགེ་རྒན་ལགས།།
    བོད་གངས་ཅན་ལྗོངས་ཀྱི་སྐད་ཡིག་གང་།།
    གུས་སློབ་མའི་ཆེད་དུ་གསུང་རོགས་གནང་།།
    མི་མཁས་པ་ཐོན་མི་ཨ་ནུས་བརྩམས།།
    དཔེ་ཡང་དག་རྒྱ་གར་ཡུལ་ལ་ཐུག །
    སྐད་དབྱངས་གསལ་སོ་བཞིའི་འགྱུར་ཁུག་འདི།།
    འདི་གངས་ཅན་བོད་ཀྱི་སྐད་ཡིག་རེད།།
    Bod Gangchen
    Respected teacher well versed in religion and culture,
    And endowed with compassion and love;
    The karmic lord of the Land of Snow-
    May you speak for the benefit of your respected students.
    Supreme Lord [Tenzin Gyatso] who is actually Avalokiteshvara,
    The physical embodiment of compassion and love-
    Generally, you are the refuge of all sentient beings;
    In particular, you are the karmic buddha of Tibet, the land of snow.

    Respected teacher well versed in religion and culture,
    And endowed with compassion and love;
    The karmic lord of the land of snow-
    What constitutes territories of the land of snow,
    May you speak for the benefit of your respected students.
    The three areas of the upper region Ngari are like the sea;
    The four groups in the central land are like the water canals;
    the lower land of four rivers and six ranges are like the field;
    All these are the terrritories of Tibet, the land of snow.

    Respected teacher well versed in religion and culture,
    And endowed with compassion and love;
    The karmic lord of the land of snow-
    What constitutes the people of Tibet, the land of snow,
    May you speak for the benefit of your respected students.
    The father was a monkey bodhisattva,
    while the mother was a rock-ogress,
    The six offsprings were the origin of our lineage.
    This is about the human lineage of Tibet, the land of snow.
    Respected teacher well versed in religion and culture,
    And endowed with compassion and love;
    The karmic lord of the land of snow-
    What constitutes the language and script of Tibet, the land of snow,
    May you speak for the benefit of your respected students.
    Written by Thonmi Anu, the scholar among men,
    It's origin is traceable to the perfect place, India.
    This script with four vowels and thirty consonants
    is the written language of Tibet, the land of snow.
    Lyric: Geshe Beri Jigme
    Melody: Sokshoe Dhargyal
    Singer: 8yang Dolma and Sokshoe Dhargyal
    Translation into English: Geshe Ngawang Sonam
  • Hudba

Komentáře • 82

  • @bvbcom
    @bvbcom Před 11 dny

    Super Medlay great voice variation LUV FROM DAVANAGERE INDIA❤

  • @munsel1998
    @munsel1998 Před 12 dny

    Amazing voice 8yang dolma❤❤❤❤❤

  • @Tsherchok
    @Tsherchok Před 3 dny

    Wow, super nice!!! The brief history of Tibet in a short sentences. Beautiful voice both he or her and everything.

  • @user-wj7px9gu7t
    @user-wj7px9gu7t Před 4 dny

    👍👍👍👍👍👍💐💐💐💐💐💐

  • @anu4988
    @anu4988 Před 16 dny

    🙏🏻🙏🏻🙏🏻

  • @origzin313
    @origzin313 Před 17 dny +11

    སོག་ཤོད་དར་རྒྱས་དང་གླུ་མ་བརྒྱད་དབྱངས་སྒྲོལ་མ་དགེ་སློབ་གཉིས་ལ་བསྔགས་བརྗོད་ཞུ། གཞས་འདིའི་གདང་དབྱངས་དང་ཚིག་སོགས་ཡག་པོ་བྱུང་ཤག། རྒན་བེ་བཤེས་ཀྱིས་ཚིག་ཀྱང་ཨོ་ཙམ་བྲིས་འདུག སྔོན་མ་བུ་མོ་འདིའི་གཞས་ཞེས་པའི་གཞས་དེའི་ཚིག་དང་དབྱངས་གཉིས་ཀ་རྒན་སོག་ཤོད་དར་རྒྱས་ཀྱིས་བརྩམས་ཤིང་། གླུ་དབྱངས་བུ་མོ་འདིས་བླངས་པ་དེ་ཡག་པོ་དཔེ་བྱུང་ཡོད་རེད། རྒན་སོག་ཤོད་དར་རྒྱས་ལགས་ནས་མུ་མཐུད་ནས་གཞོན་སྐྱེས་ཚོ་གསོ་སྐྱོང་གནང་བར་རེ་སྐུལ་ཞུ།

  • @tenzinpema9996
    @tenzinpema9996 Před 16 dny

    སྙན་པ་ཞེ་དྲག་བྱུང་སོང་། ཐུགས་རྗེ་ཆེ།

  • @wangde2338
    @wangde2338 Před 14 dny

    ཡག་པོ་མོན་ཐུན་གཞེས་ཡོང་བའི་རེ་མོན་ཡོད།🎉🎉🎉

  • @ngawanglingkyil9123
    @ngawanglingkyil9123 Před 14 dny

    ཧ་ཅང་སྙན་པོ་བྱུང། 🙏🙏🙏🙏🙏🙏💐💐💐💐💐🫡🫡🫡🌹🌹🌹🌹🌹🌹🌹🌹🌹🌹🌹🌹🌹🌹💐💐💐💐💐💐💐💐💐🎧🎧🎧🎧🎧🎧🎧🎧🫡🫡🫡🫡🫡🫡🫡

  • @joselhundup4769
    @joselhundup4769 Před 16 dny

    གཞས་ཡག་པོ་འདུག👍👍👍

  • @chikenlegpis1781
    @chikenlegpis1781 Před 14 dny

    Beautiful ❤❤❤❤

  • @tanphelsonam5941
    @tanphelsonam5941 Před 16 dny

    བཟང་གི་དགའ་བསུ་ཡོད།

  • @dhondupgyatso7603
    @dhondupgyatso7603 Před 15 dny

    👍👍🙏🏻🙏🏻❤️❤️

  • @mrhallal11
    @mrhallal11 Před 14 dny

    8Yang Dolma still sings!😊😊

  • @menlha15
    @menlha15 Před 13 dny

    སྐད་ངག་ཧ་ལས་པ་ཡག་པོ་འདུག དབྱངས་དེ་དེ་ཙམ་ཡག་རྒྱུ་མི་འདུག

  • @tsomo7448
    @tsomo7448 Před 17 dny +2

    So happy, yang is back with a amezing song . We are waiting for more song . ♥️♥️♥️

  • @sonamlhamo3637
    @sonamlhamo3637 Před 17 dny +3

    Well done!!! You have a wonderful voice!! Proud of you!!!

  • @tenyangvlogs1661
    @tenyangvlogs1661 Před 17 dny +2

    welcome back 8yang dolma..yiur voice is still so energetic n sweet❤❤❤

  • @gyaltsenjampa9805
    @gyaltsenjampa9805 Před 17 dny +2

    ཧ་ཅང་སྙན་མོ་འདུག་དགའ་བསུ་ཞུ།❤❤❤🎉🎉🎉

  • @user-vy8mp5sv7b
    @user-vy8mp5sv7b Před 14 dny +1

    གཞས་ཚིགས་ཧ་ཅང་བཟང་པོ་ བོད་མི་རིགས་ཀྱི་རྒྱལ་ཁབ་ཀྱི་ས་འཁྱོན་ མི་རིགས་ཀྱི་འབྱུང་ཁུངས་ ཆོལ་གསུམ་དཔེ་མཚོན་ དེ་བཞིན་སྐད་ཡིག་བཅས་པའི་འགྲེལ་བཤད་དཔེ་ཡག་པོ་བསྐྱོན་འདུག་པས་ བོད་པའི་གཞོན་སྐྱེས་ཚོར་ཚིག་མཛོད་ལྟ་བུར་གྱུར་འདུག་ བརྒྱད་དབྱངས་སྒྲོལ་མ་ལགས་ནས་ལོ་མང་གཞས་སྙན་པོ་ ཚིགས་བཟང་པོ་བཏང་ནས་བཙན་བྱོལ་བོད་མིའི་རྣ་བའི་བདུད་རྩིར་གྱུར་ཡོད་ མི་རེར་སོ་སོའི་འདོད་པའི་གཞས་རེ་ཡོད་མོད་ ཁོ་བོ་ལ་ནི་བརྒྱད་དབྱངས་ལགས་ནས་༧གོང་ས་མཆོག་ལ་བསྟོད་པ་ཕུལ་བའི་ “སྐུ་གཟུགས་ལ་ཐུགས་བཅག་གནང་རོགས་” ཅེས་པའི་ཞུ་འབུལ་དེ་སྙན་ཤོས་དང་དགའ་ཤོས་ཡིན།།

  • @transparent7512
    @transparent7512 Před 17 dny +1

    Superb performance 8yang dolma. Never stop singing you are shining

  • @gyaltsenlama7368
    @gyaltsenlama7368 Před 16 dny +1

    Awesome n vry soothing song !

  • @dakdawakhedup7889
    @dakdawakhedup7889 Před 15 dny

    དཔེ་ཡག་པོ་དང་སྙན་མོ་འདུག

  • @chimetsering8351
    @chimetsering8351 Před 17 dny +2

    ❤❤❤

  • @Anatomanwnwn
    @Anatomanwnwn Před 17 dny +1

    ❤❤amazing song

  • @jamyangsamten1382
    @jamyangsamten1382 Před 17 dny +2

    ཧ་ཅང་སྙན་པོ་འདུག་

  • @yeshichotten4137
    @yeshichotten4137 Před 17 dny +2

    Wow very nice song 👏👏👏👏

  • @arujampa1425
    @arujampa1425 Před 17 dny +2

    ཧ་ཅང་སྙན་པོ་བྱུང་།

  • @sonamlonden7574
    @sonamlonden7574 Před 17 dny +1

    Congratulations to both of you 🙇🏻‍♂️🙇🏻‍♂️

  • @user-gr6sg1xt8c
    @user-gr6sg1xt8c Před 17 dny +2

    Wow very nice song

  • @tenzin971
    @tenzin971 Před 17 dny +2

    གཞས་ཚིག་དང་གཞས་གཉིས་ཀ་བཟང་།

  • @heyy8030
    @heyy8030 Před 17 dny +1

    Lots of love yardhar ❤from assam 🥰 and lovely songs can't understand the songs🎵 still loved ❣️🔥🙏💥

  • @kachentanpa9381
    @kachentanpa9381 Před 17 dny +2

    Good 💯💯💯 thanks ❤

  • @dolmatsering-zo2vp
    @dolmatsering-zo2vp Před 17 dny +1

    Very nice song👍👍👍

  • @sonamlonden7574
    @sonamlonden7574 Před 17 dny +1

    Such a beautiful song . Kardinche

  • @sonamwangmonam
    @sonamwangmonam Před 17 dny +1

    💐💐💐

  • @user-jd7le5el8f
    @user-jd7le5el8f Před 16 dny +1

    དཔེ་ཡག་འདུག

  • @ngawangtenpa1757
    @ngawangtenpa1757 Před 17 dny +1

    ཧ་ཅང་གི་སྙན་པོ་བཏང་འདུག་❤❤❤❤🎉🎉🎉🎉🎉🎉🎉❤❤❤

  • @wangchuksamphelofficial.2339

    Wow wat a nice song bro dhargye n 8yang la 🎉🎉🎉🎉🎉❤❤❤

  • @nyimaDDcanal50b
    @nyimaDDcanal50b Před 17 dny +1

    གཞས་ཧ་ཅང་སྙན་པོ་འདུག་

  • @chokrilutruk
    @chokrilutruk Před 17 dny +2

    ངོ་མ་སྙན་སོང་།🎉🎉🎉🎉🎉

  • @freetibet9519
    @freetibet9519 Před 16 dny +1

    ངོ་མ་སྙན་བྱུང

  • @hitokazhimo9328
    @hitokazhimo9328 Před 17 dny +1

    So nice song ❤👌

  • @lotus6907
    @lotus6907 Před 17 dny +1

    👍🏻👍🏻👍🏻

  • @phurbutsering3760
    @phurbutsering3760 Před 17 dny +1

    ❤️❤️❤️❤️❤️

  • @lobsangdakpa5039
    @lobsangdakpa5039 Před 17 dny +2

    སྤུས་དག་འདུག❤

  • @tsamchoelama6467
    @tsamchoelama6467 Před 17 dny +1

    Good voice

  • @Khamtruk-7
    @Khamtruk-7 Před 14 dny

    སྙན་པ་ལ་ཡིད་དབང་འཕྲོད་སོང་།👏👏🔥🔥🔥🔥

  • @tenzinnamsel5295
    @tenzinnamsel5295 Před 15 dny

    The guy's voice is super star. Both great both.

  • @amirrai7435
    @amirrai7435 Před 17 dny +1

    Namaste hajur

  • @tenzeelatenzeela6445
    @tenzeelatenzeela6445 Před 17 dny

    Ok I’m going to listen 🎧

  • @heyy8030
    @heyy8030 Před 17 dny +1

    Please make the vlogs😊waiting for blogs ❤

  • @KarZin98
    @KarZin98 Před 17 dny +1

    Good song

  • @Karma052
    @Karma052 Před 17 dny

    Awaited song .. love it 🫡

  • @tenchok1029
    @tenchok1029 Před 17 dny +1

    Nice song🎉🎉🎉🎉

  • @tenzinchoekyi6638
    @tenzinchoekyi6638 Před 17 dny +1

    🎉🎉🎉🎉🎉🎉ངོ་མ་གཞས་སྙན་པོ་འདུག

  • @dorjee3915
    @dorjee3915 Před 16 dny

    Very nice 👍👍👍👏👏👏🙏🙏

  • @user-cp6cf7dg5s
    @user-cp6cf7dg5s Před 17 dny +1

    པེ་སྙན་བྱུང་དཀའ དྲིན་ཆེ་🎉🎉🎉🎉🎉❤❤❤❤

  • @kunsangwangmo9687
    @kunsangwangmo9687 Před 17 dny +1

    🎉🎉🎉🎉🎉❤❤

  • @Guglielmo-jl5ri
    @Guglielmo-jl5ri Před 17 dny

    Thank You ! ! ! 💖💖💖 🙏

  • @pemayouden2273
    @pemayouden2273 Před 15 dny

    Very nice 👌 👍 👏

  • @chimedolkar7383
    @chimedolkar7383 Před 17 dny

    👍👍👍

  • @kachentanpa9381
    @kachentanpa9381 Před 17 dny +1

    རྒྱད་དབྱངས་སྒྲོལ་མ་ལ་བཀྲ་བདེ་ལེགས་ཞུ་ཧ་ཆང་གི་སྙེན་པོ་བཏང་དུག་་བཀའ་དྲིན་ཆེ་་

  • @karmachokey1084
    @karmachokey1084 Před 17 dny

    🙏🏽🙏🏽🙏🏽

  • @tibetansongs7992
    @tibetansongs7992 Před 15 dny

    བརྒྱད་དབྱངས་རང་རེད། སྐད་ངག་ཟེར་ན་ཧ་ལས་པ་ཞིག་རེད།

  • @tseringthup2648
    @tseringthup2648 Před 17 dny

    གཞས་སྙན་མོ་འདུག། ❤

  • @tibetanstyle1376
    @tibetanstyle1376 Před 17 dny

    👍👍👍👍

  • @tibetannorbu3505
    @tibetannorbu3505 Před 17 dny

    དངོས་གནས་སྙན་མོ་འདུག་👍

  • @clody2051
    @clody2051 Před 17 dny

    Good 👍 ❤🎉😮

  • @tenzinnorbu9926
    @tenzinnorbu9926 Před 17 dny +1

    རྣམ་པ་གཉིས་ཡག་པོ་འདུག་་སྙན་པ་ལ་་

  • @JamyangTsundue
    @JamyangTsundue Před 17 dny

    👍👍👍👍🎒

  • @KarmaTseringSichoe
    @KarmaTseringSichoe Před 17 dny +1

    Where is 8yang Dolma

  • @KetishMarak
    @KetishMarak Před 17 dny +1

    Hello bhaiya humko Thora madath karo

  • @karmadolma4162
    @karmadolma4162 Před 17 dny

    Thukjey Katrin new song POTALA and LHAKAR Released ENJOY

  • @user-ni5gt4wm8e
    @user-ni5gt4wm8e Před 5 dny

    Great lyrics with some slight mismatch between vocal and caption.

  • @tsepakrigzin3480
    @tsepakrigzin3480 Před 3 dny

    དེ་རིང་༢༠༢༤།༧།༡༢ ཉིན་ཨ་རིའི་སྲིད་འཛིན་ནས་བོད་དོན་གྲོས་འཆར་ལ་མཚན་རྟགས་ཐོབ་འདུག མཛད་བཟང་གཏམ་བཟང་འདི་ལ་ནམ་ཡང་དགའ་བསུ་ཡོད། ཆབ་སྲིད་ཀྱི་ལས་དོན་བསྒྲུབས་ཚད་མཐོན་པོ་འདི་ལྟ་བུ་ཞིག་ལ་སླེབས་ཐུབ་པར་ལས་སླ་པོ་ཁྱོན་ནས་མེད། སྲིད་སྐྱོང་མཆོག་གི་དབུས་པའི་སྣེ་མོ་ལས་བྱེད་ཆེ་ཕྲ་ཆུང་གསུམ་དང་། ཕྱི་ནང་མི་དམངས་ལྷག་བསམ་རྣམ་དག་གིས་རམ་འདེགས་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཆེ་ཆེ་ཞེས་ཞུས་ཡག་ཡིན། འདིས་རྐྱེན་པས་ད་ནས་བཟུང་སླར་ཡང་། རྩ་བའི་ཆ་ནས་རྒྱལ་སྤྱིའི་གདེང་ཆའི་སྒང་ལ་བོད་རྒྱའི་དཀའ་རྙོགས་ཀྱི་ལོ་རྒྱུས་ལ་བལྟ་སྟངས་ཁྱད་པར་ཆེན་པོ་བཟོ་ཐུབ་པའི་རེ་བ་ཡོད་པ་དང་། གཏམ་གླེང་གསར་འགྱུར་བགྲོ་གླེང་སོགས་ཀྱང་སྣ་ཚོགས་ཤིག་འབྱུང་སྲིད་པའི་རེ་བ་ཡོད་པ་དང་མཐོང་ཐུབ་རྒྱུ་ཡིན་པ་ནི་སྨོས་མེད་རེད། འོན་ཀྱང་། གཙོ་ཆེ་ཤོས་བོད་པས་དཀའ་རྙོགས་བོད་པ་རང་གིས་དངོས་སུ་ལངས་ཕྱོགས་བརྟན་པོས་སེལ་དགོས་པ་ཞིག་ཡིན་དུས། ད་ཆ་འཕྲལ་དུ་ང་ཚོས་བྱེད་ཐུབ་པ་ཞིག་ནི། གོམས་པ་དང་པོ་སྤོ་འདོད་ན། བོད་མི་ཚོས་རང་གི་ཕ་ཡུལ་བོད་དང་བོད་མིའི་རྒྱལ་རབས་ལོ་རྒྱུས་ལ་ཐོས་བསམ་བགྲོ་གླེང་དང་། དཔྱད་གླེང་གི་ལས་རིམ་ཆེ་ཕྲ་སྣ་ཆོགས་ཤིག་གཞུང་སྒེར་གཉིས་ཀས་ཕྱི་ནང་ས་གནས་ས་ཐོག་བོད་མིའི་འདུས་སྡོད་གང་སར་བོད་རྒྱའི་རྒྱལ་རབས་ལོ་རྒྱུས་ཀྱི་གོ་རྟོགས་འཕེལ་བའི་ལས་རིམ་ཚ་ཚ་འུར་འུར་ངང་སྤེལ་གནང་ཐུབ་ན་འཕྲལ་ཕུགས་གཉིས་ཀར་ཧ་ཅང་དགེ་མཚན་ཆེན་པོ་ཡོད། ད་ཤུགས་རྒྱོབས་དང་། སྒོར་གཞས་ཉུང་ཙམ་བྱས། འདི་ནས་དུས་ཚོད་ཆ་ཤས་ཤིག་ཟུར་འཇོག་བྱས་ན་ལས་རིམ་གསར་པ་འདི་གནང་མི་ཐུབ་པ་མེད། འདིས་གཞོ་སྐྱེས་ཚོའི་སེམས་ཁམས་ནང་། ངོ་མ་བོད་ཞེན་རིགས་ཞེན་རྒྱལ་ཞེན་ཞིག་གི་བག་ཆགས་བསྲ་བརྟན་བཟོ་ཐུབ་པ་ཞིག་ཡོང་རྒྱུ་གདོན་མི་ཟ་བ་རེད། ངས་རྨོངས་འཆར་རྣམ་དག་ཙམ་ཞིག་འབུལ་བ་ཡིན་ལགས།།

  • @Jopthutoprey
    @Jopthutoprey Před 17 dny +1

    ❤❤❤

  • @tentsodakten7313
    @tentsodakten7313 Před 16 dny +1

    ཧ་ཅང་སྙན་སོང་ཐུགས་རྗེ་ཆེ་ད་དུང་ཙམ་

  • @karmadolma4162
    @karmadolma4162 Před 17 dny

    Thukjey Katrin new song POTALA and LHAKAR Released ENJOY

  • @yewang5687
    @yewang5687 Před 17 dny +1

    ❤❤❤

  • @nodenbhutiabhutia141
    @nodenbhutiabhutia141 Před 16 dny +1

    ❤❤❤

  • @karmadonka8384
    @karmadonka8384 Před 17 dny +1

    ❤❤❤