ཟབ་མོ་སྟོང་པ་ཉིད་ཀྱི་འཆད་ཁྲིད། Teachings on Emptiness. Part 1 /8 Geshe Dawa Tsering

Sdílet
Vložit
  • čas přidán 3. 08. 2020
  • “ཟབ་མོ་སྟོང་པ་ཉིད་ནི། ཐེག་པ་ཆེ་ཆུང་ཀུན་གྱི་ལམ་གྱི་གཞུང་ཤིང་དང་སྲོག་ལྟ་བུ་ཡིན། སྟོན་པས་གསུངས་པའི་ཆོས་ཚུལ་ཡོད་དོ་ཅོག་དངོས་དང་བརྒྱུད་པས་འདི་ཉིད་གཏན་དབབ་པའི་ཐབས་སུ་མ་སོང་བའི་ཡི་གེ་ན་གཅིག་མེད། འདི་ནི་འཕྲལ་ཕུགས་ཀྱི་སྡུག་བསྔལ་རྩད་ནས་འབྱིན་པའི་སྨན་མཆོག་དང་། ཕན་བདེ་ལེགས་ཚོགས་ཀུན་འབྱུང་གི་གཞི་རྟེན་བླ་ན་མེད་པ་དེའང་ཡིན། ཆོས་ཟབ་མོ་འདི་ལ་གོ་བ་རྙེད་ཚེ་སྨོས་ཅི་དགོས། ཐེ་ཚོམ་ཙམ་ཞིག་སྐྱེས་ཀྱང་དགེ་སྦྱོར་གཞན་གྱིས་ཆ་ཕྲ་མོ་ཙམ་ཡང་འགྲན་དུ་མེད་པའི་ཕན་ཡོན་ཐོབ་པ་ངེས་དོན་གྱི་གསུང་རབ་དུ་མ་ལས་འབྱུང་། འདི་ནས་ངེད་ཅག་གི་རྒན་རིན་པོ་ཆེ་ཏྲེ་ཧོར་ཟླ་བ་ཚེ་རིང་མཆོག་གིས་སྟོང་པ་ཉིད་ལ་དམིགས་བཀར་གྱིས་འཆད་ཁྲིད་ཞིབ་ཚགས་མཛད་ཅིང་། འདི་ལྟ་བུ་གཞན་ལས་ཐོས་པའང་དཀའ་བས། དད་མོས་ཅན་ཚོས་ཐུགས་སྣང་མཛོད། “

Komentáře • 11