འོམ་ཆུང་དཔལ་གྱི་ནགས་འདབས།གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རོང་ཤར་ཤང་སྤྲོ་བདེ་བཀྲ་ཤིས་སྒང་དང་ཉེ་བ།

Sdílet
Vložit
  • čas přidán 11. 09. 2024
  • ལྷན་རྒྱས་བཀྲ་ཤིས་བདེ་ལེགས། དེ་ནས་དེ་རིང་ངས་ངོ་སྤྲོད་ཞུ་རྒྱུ་དེ། རྗེ་བཙུན་ཆེན་པོ་མིད་རས་པའི་རྣམ་ཐར་ནང་གི་གང་འགངས་ཆེ་ཤོས་ཀྱི་ས་གནས། དེ་ནས་རྗེ་བཙུན་གྱི་སྐུ་ཚེ་སྨད་ཀྱི་མཛད་པ་འཕྲིན་ལས་བསྐྱང་ས་བྲིན་ལུང་པའི་ནང་ཚན། འོམ་ཆུང་དཔལ་གྱི་ནགས་འདབས་ཞེས་པ་མགུར་འབུམ་མཇལ་མྱོང་མཁན་ཡོད་ན་འོམ་ཆུང་དཔལ་གྱི་ནགས་འདབས་འདི་དང་འབྲེལ་བའི་གླེང་སློང་མང་པོ་ཞིག་ཡོད་རེད། ཡོན་བདག་ཚོས་ཆུ་ཡི་རྩོད་པ་བརྒྱབ་དུས་རྗེ་བཙུན་གྱི་བཀོད་པ་བསྟན་པ་རེད་ཟེར་བ་ལྟ་བུ་དང༌། དེ་ནས་ཉེ་སྲས་ཟེར་ན་འདྲ་གྲུབ་ཆེན་ཉེར་ལྔའི་ཁོངས་ཀྱི་ལོ་སྟོན་དགེ་འདུན་རྗེས་སུ་བཟུང་ས། དེ་ནས་རྗེ་བཙུན་རིན་པོ་ཆེ་དང་ལྷ་མོ་བཀྲ་ཤིས་ཚེ་རིང་མའི་བར་དོ་འཕྲང་བྲོལ་གྱི་ཞལ་གདམས་སོགས་ཀྱི་སྐོར། ཐུགས་སྲས་ཞི་བ་འོད་ཀྱིས་ལྷ་མོ་བཀྲ་ཤིས་ཚེ་རིང་མ་ལ་དྲིས། དེ་ནས་རྗེ་བཙུན་རིན་པོ་ཆེར་བཅའ་འདྲི་ཞུས། དེ་ནས་ངན་རྫོང་སྟོན་པ་ཁོང་རྣམས་ཀྱིས་ཡི་གེ་བྲིས་ནས་གཏན་ལ་ཕབ་ས་ཚེ་རིང་སྐོར་གསུམ་རེད་སྐོར་ལྔ་རེད། ཡིག་ཆ་རྩ་ཆེན་དེ་ཚོའི་ཡོངས་ཁུངས་དང་འབྲེལ་བའི་ལོ་རྒྱུས་དང་འབྲེལ་བའི་གནས་དེ་འདྲ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ང་སྔོན་མ་ཐེངས་གཅིག་བཅར་བ་ཡིན། དེ་དུས་དགུན་ཁ་རེད། དགུན་ཁ་ཡིན་དུས་དེ་དུས་བརྙན་ཅིག་ལེན་པ་ཡིན་ཏེ་ད་ལྟ་ནང་བཞིན་ཡོད་མ་རེད། དགུན་ཁ་མཐོང་རྒྱ་འདྲ་བྱས་ན་ད་ལྟ་ལས་དེ་དུས་ཆེ་གི་རེད། ད་ལྟ་དབྱར་ཁ་རེད་པ་དབྱར་ཁའི་ཉམས་འགྱུར་འདྲ༌། འོམ་ཆུང་དཔལ་གྱི་ནགས་འདབས་དེ་དབྱར་ཁ་ག་འདྲ་ཡོད་ན་སྙམ་ན་དེར་བརྟེན་ཕན་ཐོག་འདྲ་ཡོང་གི་རེད་སྙམ་ནས་ཆེད་མངགས་ཡང་བསྐྱར་ཅིག་བཅར་བ་ཡིན། ད་བྲིན་ཆུ་དབར་ལ་འགྲོ་མཁན་སྤྱིར་བཏང་དད་ལྡན་མང་པོ་དང་མང་པོ་ཞིག་འགྲོ་གི་ཡོད་རེད། བཀའ་བརྒྱུད་ཀྱི་གྲྭ་པ་བླ་མ་འགྲོ་གི་ཡོད་རེད་དེ་ཆུ་དབར་སྤྲུལ་སྐུའི་ཕོ་བྲང་དེ་མཇལ། བྲིན་སྡིང་མ་ལ་འགྲོ། ཁ་ཤས་ཁ་ཤས་སེམས་བསྐྱེད་ཕུག་ལ་འགྲོ་གི་ཡོད་རེད་དེ། དེ་ནས་ཕར་བྲག་དམར་སྤོ་མཐོ། བྲག་དམར་ཁྱུང་ལུང༌། འོ་དེ་ནས་སྐྱིད་ཕུག་ཉི་མ་རྫོང་དེ་ཚོར་ལ་ཕེབས་པའི་ལུགས་སྲོལ་ཞེ་དྲག་མེད་པ་བྱས། ལ་བརྒྱབ་དགོས་རེད་པ་མང་ཆེ་བས་སྣང་མེད་འདྲ་ཞིག་གཏང་བཞག་གི་འདུག ལྷག་པར་དུ་འདི་ཚོ་འོ་སྣང་མེད་གཏང་བཞག་པ་དེ་འདུག མང་ཆེ་བས་སྣང་ཆུང་འདྲ་བྱས། ཆོ་ཟེར་ཡོད་མ་རེད། ཕྱིན་མ་ཕྱིན་གང་ཡང་ཡོད་མ་རེད། ཁོ་ལ་བརྒྱབ་དགོས་རེད་པ།དངོས་ནས་ཅིག་ཕེབས་པ་ཡིན་ན་ད་ལྟ་སྤྲོ་བདེ་བཀྲ་ཤིས་སྒང་བྱས། སྤྲོ་བདེ་བཀྲ་ཤིས་སྒང་ནས་ཤེལ་ཕུག་ཆུ་ཤིང་རྫོང་དེ་མཇལ། དེ་ནས་ཚུར་ཁར་ཐུག་ཡར་མོ་ཏྲའི་རྒྱ་ལམ་ཡོད་ས་ཤེལ་ཕུག་ཆུ་ཤིང་རྫོང་ནས་བྲིན་སྡིང་མར་འགྲོ་ས་དེའི་འཁོར་ཁ་དེའི་གཤམ་དེ་ནས་མར་ཏོག་ཙམ་བབས་སོང་ན་དེ་ནས་བར་ལམ་ཤར་རེ་བྱས། དེ་ནས་ཕར་ཕྱོགས་རོང་གི་ཟམ་པ་དེ་བརྒྱབ། དེ་ནས་ཤར་ངོས་ཀྱི་བྲག་རི་དེའི་གསེང་དུ་ཕར་འགྲོ་ཚུར་འགྲོ་བྱས་འགྲོ་བ་ཡིན་ཞིང༌། དེ་ནས་ལ་ཕར་ལ་བརྒྱབ་ནས་སོང་དུས་ནགས་གསེང་རྐྱང་རྐྱང་ནས་འོམ་ཆུང་དཔལ་གྱི་ནགས་འདབས་སུ་སླེབས་འགྲོ་གི་འདུག འོམ་ཆུང་དཔལ་གྱི་ནགས་འདབས་དེ་དཔེ་ཤུག་པས་བསྐོར་བཞག་པ། འོ་དེ་འདྲ་ཅིག་རེད། དེ་ནས་ལྷོ་ངོས་ནས་བྱས་ན་སྨན་ལུང་དང་ཆུ་དབར་ཁ་སྤྲོད་འདྲ་པོ་རེད། སྨན་ལུང་ནང་དུ་རྗེ་སྒམ་པོ་པའི་སྒྲུབ་གནས་ཡོད་རེད། དེ་ནས་རྗེ་བཙུན་རིན་པོ་ཆེས་མཛད་པ་འཕྲིན་ལས་བསྐྱངས་ས་ཆེ་ཤོས་ཞིག་ལ་ཇོ་བོ་སྒ་རུ་འདབས་སུ་སྒ་རུ་ཕུག་ཟེར་བ་ལྟ་བུ། དེ་ནས་དོམ་ཕུག་ལུང་པའི་གཞུང་ལ་དོམ་ཕུག་གཡས་གཡོན་ལ་གོང་དུ་ཞུས་པ་བཞིན་སྒམ་པོ་པའི་སྒྲུབ་ཕུག རས་ཆུང་པའི་སྒྲུབ་ཕུག་དེ་འདྲ་ཡོད་རེད། དེ་ནས་ཕར་ཚེ་རིང་མའི་གངས་ཀྱི་ངོས་ནས་བྱས་ན། དེ་ནས་བོན་རི་ཕུག བོན་རི་ཕུག་དེར་སྔོན་མ་ཡིན་ན་སྒྲུབ་གྲྭ་ཆེན་པོ་ཡོད་པ་དང་ཕྱིས་སུ་ཨ་ནིའི་དགོན་པ་དེ་འདྲ་བྱུང་བ། ད་ལྟ་ཡིན་ན་ཨ་ནིའི་དགོན་པའི་ཤུལ་དེ་འདྲ་གནས་བསྡད་པ་དེ་འདྲ་རེད་འདུག དེ་ནས་དུང་དཀར་ཕུག དེ་ནས་མགུར་ཆུ་ཕུག་ཟེར་ན་ད་དུང་ཡང་རི་རྩེ་ཚེ་རིང་མ་ལ་ནད་བཅོས་བསྡད་པའི་སྐབས་ཀྱི་སྒྲུབ་ཕུག་དེ་འདྲ་ཡོད་བསྡད་པ། ཕྱིས་སུ་བླ་མ་མང་པོ་ཕེབས་པའི་ལོ་རྒྱུས་འདུག ད་དེང་སང་མིང་ཙམ་ལས་འགྲོ་མཁན་སྡོད་མཁན་རྩ་བ་ནས་མེད་པས་ལུང་པའི་མི་ཙམ་ལས་འགྲོ་མི་ཐུབ་པའི་གནས་སྟངས་དེ་འདྲ་རེད་འདུག དོན་སྣང་བྱེད་མཁན་མེད་པ། དེ་ནས་འོམ་ཆུང་དཔལ་གྱི་རིའི་རྩེ་འདྲ་པོ་བྱས་པ་ཡིན་ན་སྐྱེད་དཀར་ཕུག་ཟེར། ཚེ་རིང་མ་བསྙུང་བསྡད་པའི་སྐབས་སུ་གདན་འདྲེན་ཞུ་དུས་རྗེ་བཙུན་བཞུགས་ས་དེང་སང་ལུང་པའི་མི་ཁ་ཤས་ཁ་ཤས་འགྲོ་མྱོང་འདུག་མང་ཆེ་བ་རྩ་བ་ནས་འགྲོ་མྱོང་མེད་པ། ད་བཀའ་བརྒྱུད་གྲྭ་པ་བླ་མ་ནི་དེ་བས་ཀྱང་རི་ལ་འགྲོ་ཐུབ་ཀྱི་མ་རེད་པ། འོ་དེ་འདྲའི་གནས་སྟངས་འདྲ་པོ་ཅིག་རེད། འོམ་ཆུང་འདིར་གཉོས་རྒྱལ་བ་ལྷ་ནང་པ་བཞུགས་པའི་ལོ་རྒྱུས་འདུག རྒྱལ་བ་ཀོ་བྲག་པ་བཞུགས་པའི་ལོ་རྒྱུས་འདུག བཀའ་བརྒྱུད་བླ་མ་མང་པོ་བཞུགས་ནས་མཛད་པ་འཕྲིན་ལས་མང་པོ་བསྐྱངས་ཡིན་ས་རེད། ཕྱིས་སུ་སྙན་བརྒྱུད་བསྟན་པའི་མངའ་བདག་ཆེན་པོ་གཙང་སྨྱོན་ཧེ་རུ་ཀས་སྙན་བརྒྱུད་ཀྱི་བསྟན་པ་བསྐྱར་གསོ་གནང་ས། ཁོང་གི་སྒྲུབ་གྲྭ་རྒྱ་ཆེན་པོ་ཞི་པོ་ཅིག་ཕྱག་བཏབ་དེ་འདྲའི་རྣམ་ཐར་ཡོད་རེད། དེ་ཡིན་དུས་ད་ལྟ་ཡིན་ནའང་དེ་འདྲའི་ཤུལ་རྒྱ་མི་ཆུང་བ་ཞིག་འདུག འོ་དེར་འབུར་ཅིག་འདུག་དེའི་སྒང་ནས་བརྙན་ལེན་ཡོད། དེར་ཡུལ་མིས་བླ་མའི་སྒྲུབ་ཁང་ཞེས་དེང་སང་ཡིན་ན་ཡང་མིང་མ་ཉམས་པར་དེ་འདྲ་གནས་འདུག་ག། དེའི་གོང་འོག་ཚང་མ་ལ་སྒྲུབ་ཁང་གི་ཤུལ་ཞེ་པོ་གཅིག་འདུག སྔོན་མའི་བཀའ་བརྒྱུད་པ་དེ་ཚོ་དཔེ་ར་བཀའ་བརྒྱུད་གཉིས་དེ་བྲག་ལ་འཛེགས་པའི་རྒྱུ་མཚན། ཆོས་པའི་གནས་ལུགས་མང་པོ་ཅིག་གོ་རྒྱུ་ཡོད་མཁན། ཉམས་ལེན་པའི་ཚད་གཞི་འདྲ་པོ་དེ་གང་འདྲ་ཡིན་མིན། འོ་འདི་གནས་འདི་དག་སུ་ཕེབས་ཐུབ་པ་ཡིན་ན་གནས་ལུགས་གལ་ཆེན་པོ་ཞེ་པོ་རེད། ཕེབས་མ་ཐུབ་ཀྱང་བརྙན་ལ་གཟིགས་པ་ཡིན་ན་འོ་ལོ་རྒྱུས་ཀྱི་ཕྱོགས་ཙམ་ཧ་གོ་ཡག་དེ་གལ་ཆེན་པོ་རེད། འདི་ཚོ་ཚང་མ་ལོ་རྒྱུས་དངོས་ཀྱི་གནའ་ཤུལ་རྐྱང་རྐྱང་དེ་འདྲ་རེད་འདུག་མ་གཏོགས། སྒྲུབ་གཏམ་དང་ལྷ་སྒྲུང༌། འདྲེ་སྒྲུང་དང་རྟོག་སྒྲུང་དང༌། དེ་འདྲས་བཟོས་པ་ཞིག་དང་སྔོན་ཤེས་ཀྱིས་གཟིགས་པ་ལྟ་བུ་གཟིགས་སྣང་བྱུང་བསྡད་པ་འདྲ་པོ་དེ་འདྲ་རྩ་བ་ནས་རེད་མི་འདུག་ཟེར་སྔོན་མ་ཡང་ངས་ཞུ་མྱོང༌། ད་ལྟ་ཡིན་ནའང་དེ་འདྲ་རེད། ཡང་ཁག་ཅིག་གིས་རྗེ་བཙུན་གྱི་སྒྲུབ་གནས་དེ་ཚོར་གཟིགས་མ་གཟིགས་ཡོད་མ་རེད། མིས་དོ་སྣང་བྱེད་མཁན་ཡོད་མ་རེད་ཟེར་མཁན་དེ་འདྲ་མང་པོ་འདུག ཡང་ཁག་གཅིག་གིས་དེ་ཚོ་ངོ་སྤྲད་བྱས་པ་ལས་བསྡད་བཞག་ན་དགའ་གི་རེད་ཟེར་ཡག་འདྲ་པོ། འོ་རྗེ་བཙུན་གྱི་རྣམ་ཐར་དེ་འདྲ་འགྲེལ་བཤད་བརྒྱབ་དུས་ཡང་མང་པོ་ཅིག་ཐུགས་ལ་མི་འཕྲོད་པ་བྱེད་མཁན་འདུག་སྟེ། ང་རང་གི་གོམས་སྲོལ་འདྲ་པོ་ར

Komentáře • 7

  • @user-yf5tv7xb9o
    @user-yf5tv7xb9o Před 2 měsíci

    དཀའ་དྲིན་ཤིན་དུ་ཆེའོ

  • @tashisgyal8789
    @tashisgyal8789 Před 2 měsíci

    བཀའ་དྲིན་ཆེ་བླ་མ་ལགས།

  • @shaduklama1431
    @shaduklama1431 Před 2 měsíci

    བྱིན་རླབས་ཆེ་སོང་ཐུགས་རྗེ་

  • @thuptenyeshi9899
    @thuptenyeshi9899 Před 2 měsíci

    ཐུགས་རྗེ་ཆེ😔😔😔🙏🙏🙏🌷🌹

  • @sangaynorboo1817
    @sangaynorboo1817 Před 2 měsíci

    ངོ་ཚར་ཆེ་བའི་སྒྲུབ་གནས་བྱིན་ཅན་མཇལ་ཁ་གནང་བར་དཀའ་དྲིན་བླ་མེད་ཏུ་ཆེ་ཆེ།🌹

  • @migmarmonk2964
    @migmarmonk2964 Před 2 měsíci

    🌿🌿👍👍👍⚘️🌱❤🌱🙏