ཟུར་མང་ལྷ་སྤྲུལ་ཀརྨ་སྒྲུབ་བརྒྱུད་ཉི་མ་རིན་པོ་ཆེ་མཆོག་ཁྲི་འདོན་མངའ་གསོལ་ཞུས་པའི་བརྙན་ཐུང་།

Sdílet
Vložit
  • čas přidán 6. 07. 2024
  • Tap see more for english
    སྤྲུལ་སྐུ་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ།
    རྟོགས་ལྡན་བླ་མ་ཀརྨ་ལྷ་མཆོག་ནི་མཁས་དང་གྲུབ་པའི་གོ་འཕང་ཐོབ་ཏེ་མི་འཇིགས་པའི་རྒྱལ་ས་ཟིན་ཅིང་། གཞན་རྒྱུད་སྨིན་པར་བྱེད་པའི་དབང་ཆོས་མན་ངག་སོགས་ཀྱིས་རྒྱུད་རབ་ཏུ་ཕྱུག་པའི་སེམས་དཔའི་རྣལ་འབྱོར་པ་ཞིག་ཡིན་པ་གདོན་མི་བྱ་བ་ཡིན་ཏེ། རྒྱལ་དབང་རིག་པའི་རྡོ་རྗེའི་ཞལ་ནས་མཚན་དངོས་སུ་མི་གསུངས་ནས་རིན་པོ་ཆེ་ཞེས་བླ་མ་ཁོང་ལ་གུས་ཞབས་དང་། རྒྱུན་དུ་སྐུ་མདུན་ལ་བཅར་སྐབས་ཀྱང་རྒྱལ་དབང་མཆོག་སྐུ་བཞེངས་གནང་སའི་སེམས་དཔའ་ཆེན་པོ་ཞིག་ཡིན། ཐུགས་དམ་ཉམས་བཞེད་ཀྱི་ཆ་ནས་ཞུ་ན། སྤྱིར་ན་བསྟན་པ་ལ་ལྷག་བསམ་དང་ཐུགས་ཁུར་ཆེ་ཞིང་། འགྲོ་བའི་དོན་སྐད་ཅིག་ཙམ་ལ་ཐུགས་གཡེལ་མི་མཛད་པའི་སྙིང་རྗེའི་རང་གཟུགས་སུ་གྲུབ་པའི་བླ་མ་ཞིག་ཡིན་ལ། སྒོས་སུ་ཟུར་མང་བཀའ་བརྒྱུད་ཀྱི་བསྟན་པ་འདི་ལ་ཐུགས་བསྐྱེད་སྨོན་ལ་ཟབ་ཅིང་། སྐྱབས་རྗེ་གར་དབང་རིན་པོ་ཆེ་མཆོག་ལ་བླ་སློབ་ཀྱི་འབྲེལ་བ་ཟབ་པའི་ངེས་དོན་གྱི་སློབ་དཔོན་མཚན་ཉིད་དང་ལྡན་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས། སྐྱབས་རྗེ་གར་དབང་རིན་པོ་ཆེ་མཆོག་གིས་དམ་པ་ཁོང་བསྟན་དོན་ཐུགས་ནས་མ་བོར་བ་འགྲོ་བའི་དཔལ་དུ་སྤྲུལ་པའི་ཟློ་གར་བསྒྱུར་ཏེ་ཕེབས་ཡོད་པ་ཐུགས་ལ་འཁྲུངས་ནས་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ལ་ཞུས་པས། སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེས་ཀྱང་ཐུགས་ཁུར་ཆེ་བསྐྱེད་དང་། སྒྲིབ་མེད་ཡེ་ཤེས་ཀྱི་གཟིགས་པས་ཟུར་མང་དགོན་པའི་གྲྭ་དབུ་མཛད་ཀརྨ་བསོད་ནམས་རབ་རྒྱས་ལགས་རྟོགས་ལྡན་བླ་མ་ཀརྨ་ལྷ་མཆོག་གི་ཡང་སྲིད་དུ་སྒྲིབ་པ་མེད་པའི་ཐུགས་རྗེའི་ཀློང་ནས་བརྟག་ཡིག་རྡོ་རྗེའི་བཀའ་ལུང་བཙལ་ཏེ་མཚན་ལྷ་སྤྲུལ་ཀརྨ་སྒྲུབ་བརྒྱུད་ཉི་མ་ཞེས་གསོལ། དྲིན་ཆེན་རྩ་བའི་བླ་མ་སྐྱབས་རྗེ་གར་དབང་རིན་པོ་ཆེའི་ཐུགས་དགོངས་དང་། སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེས་འཁྲུལ་མེད་སྤྲུལ་པའི་ཟླ་ཞལ་ཇི་ལྟར་ངོས་འཛིན་གནང་བ་དེ་བཞིན་དུ་སྐྱབས་རྗེ་གར་དབང་རིན་པོ་ཆེའི་བཀྲ་ཤིས་པའི་འཁྲུངས་སྐར་གྱི་དགའ་སྟོན་ཚེས་ལ་ཉེ་བའི་དུས་བཟང་ཁྱད་པར་ཅན་ཏེ་སྤྱི་ལོ ༢༠༢༤ ཟླ་བ ༠༦ པའི་ཚེས་༢༩ ཉིན་དངོས་སུ་ཁྲི་འདོན་མངའ་གསོལ་ཞུས་པའོ།
    Enthronement Ceremony of Trulku
    Tokden Lama Karma Lhachok, the realized master, was a yogin of the enlightened mind who had attained the level of a learned and accomplished master and had attained the level of fearlessness. His mind-stream was rich with empowerments, teachings, and pith instructions that ripened others’ minds. This is confirmed by H.H. Gyalwang Rigpé Dorjé's attitude towards Lama Lhachok. H.H. respected Tokden Lama and always referred to him as 'Rinpoche,' not calling him by his real name. Even when Tokden Lama was in the presence of H.H Gyalwang Rigpe Dorjee, Gyalwang Karmapa would always remain stood. In terms of his practice, he was a lama who was the very embodiment of compassion, who had a great concern for the teachings and a great determination to benefit beings without ever slacking off for even an instant. In particular, he had a deep aspiration for the teachings of the Zurmang Kagyü Lineage.
    Because of the profound guru-disciple relationship between Kyabjé Zurmang Gharwang Rinpoché and Tokden Lama Karma Lhachok, and because of the fact that he is a qualified master of the ultimate teachings, Kyabjé Zurmang Gharwang Rinpoché felt that he was an emanation who had not abandoned the teachings and had returned to benefit beings. He relayed this to Kyabjé Goshir Gyaltsap Rinpoché, who took it into consideration and soon, with his unobscured wisdom vision, he found and recognised the rebirth of Tokden Lama Karma Lhachok. The reincarnation of Tokden Lama - Karma Lhachok was recognized to be the Head Chanting Master of Zurmang Monastery, Karma Sönam Rabgye. Kyabjé Gyaltsap Rinpoche conferared him the name: Lhatrul Karma Drubgyü Nyima through the expanse of his unobscured compassion. Just as Kyabjé Garwang Rinpoché, our root guru, had realized it, and just as Kyabjé Gyaltsap Rinpoché had unmistakenly recognized the moon-like incarnation, on the special day prior to the auspicious birthday celebration of Kyabjé Garwang Rinpoché, on the twenty-ninth day of the sixth month 2024, the Enthronement Ceremony of Lhatrul Karma Drubgyü Nyima was held at Lingdum Monastery.

Komentáře • 3