༄༅།།ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བསམ་པ་ལྷུན་གྲུབ་བྱིན་རླབས་ཆར་རྒྱུན་རབ་གསལ་ཞེས་བྱ་བ་བཞུགས་སོ༔👇

Sdílet
Vložit
  • čas přidán 12. 03. 2024
  • ༄༅།།ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བསམ་པ་ལྷུན་གྲུབ་བྱིན་རླབས་ཆར་རྒྱུན་རབ་གསལ་ཞེས་བྱ་བ་བཞུགས་སོ༔
    ༄༅།། ཨེ་མ་ཧོ༔
    དག་པའི་ཞིང་མཆོག་ལྷོ་ནུབ་དཔལ་རི་ནས༔
    རྒྱལ་བ་ཀུན་འདུས་གུ་རུ་པདྨ་འབྱུང་༔
    ང་ལྟ་དུས་ངན་སྙིགས་མའི་སྐྱེ་འགྲོ་རྣམས༔
    ཐུགས་རྗེས་གཟིགས་ནས་བདག་ལ་དགོངས་སུ་གསོལ༔
    སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས༔
    རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ༔
    བཀའ་བརྒྱུད་བླ་མ་རྣམས་ཀྱི་འཁོར་གྱིས་བསྐོར༔
    གསོལ་བ་འདེབས་སོ་ལས་ངན་དག་པར་མཛོད༔
    བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
    ཤར་ཕྱོགས་ལྟ་ན་སྡུག་པའི་ཕོ་བྲང་ནས༔
    སངས་རྒྱས་སྨན་ལྷ་ཨོ་རྒྱན་རིན་པོ་ཆེ༔
    སྨན་ལྷ་མཆེད་བརྒྱད་རིག་འཛིན་འཁོར་གྱིས་བསྐོར༔
    གསལ་བ་འདེབས་སོ་ནད་རིགས་ཞི་བར་མཛོད༔
    བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
    ཡེ་ཤེས་མེ་རི་འབར་བའི་ཕོ་བྲང་ནས༔
    ཆེ་མཆོག་ཧེ་རུ་ཨོ་རྒྱན་རིན་པོ་ཆེ༔
    ཡི་དམ་ཁྲོ་བོ་ཁྲོ་མོའི་འཁོར་གྱིས་བསྐོར༔
    གསོལ་བ་འདེབས་སོ་དངོས་གྲུབ་བསྩལ་དུ་གསོལ༔
    བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱི་རློབས༔
    མཁའ་སྤྱོད་དག་པའི་འོད་ལྔའི་ཕོ་བྲང་ནས༔
    མཁའ་འགྲོའི་གཙོ་བོ་ཨོ་རྒྱན་རིན་པོ་ཆེ༔
    ཡེ་ཤེས་འཇིག་རྟེན་ཌཱཀྐིའི་འཁོར་གྱིས་བསྐོར༔
    གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔
    བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
    དགྲ་བགེབས་གདུག་པ་བསྣོལ་བའི་གདན་སྟེང་ནས༔
    ཆོས་སྐྱོང་གཙོ་བོ་ཨོ་རྒྱན་རིན་པོ་ཆེ༔
    ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་འཁོར་གྱིས་བསྐོར༔
    གསོལ་བ་འདེབས་སོ་དུས་ཀྱི་གཡོ་འཁྲུགས་ཟློགས༔
    བསམ་པ་ལྷན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
    མི་འགྱུར་རིན་ཆེན་གཏེར་གྱི་ཕོ་བྲང་ནས༔
    དངོས་གྲུབ་འབྱུང་གནས་ཨོ་རྒྱན་རིན་པོ་ཆེ༔
    ནོར་ལྷ་གཏེར་བདག་རྣམས་ཀྱི་འཁོར་གྱིས་བསྐོར།
    གསོལ་བ་འདེབས་སོ་དངོས་གྲུབ་ཆར་ལྟར་ཕོབས༔
    བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
    ཁ་བའི་ཡུལ་ལྗོངས་བོད་ཀྱི་ཞིང་ཁམས་སུ༔
    ལྷ་སྲིན་དམ་འདོགས་ཨོ་རྒྱན་རིན་པོ་ཆེ༔
    བཀའ་སྲུང་སྡེ་བརྒྱད་གཞི་བདག་འཁོར་གྱིས་བསྐོར༔
    གསོལ་བ་འདེབས་སོ་མཐའ་ཡི་དམག་དཔུང་ཟློགས༔
    བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
    བདེ་ཆེན་པདྨ་འོད་འབར་ཕོ་བྲང་ནས༔
    འོད་དཔག་མེད་མགོན་ཨོ་རྒྱན་རིན་པོ་ཆེ༔
    ཕྱོགས་བཅུའི་སངས་རྒྱས་སྲས་བཅས་འཁོར་གྱིས་བསྐོར༔
    གསོལ་བ་འདེབས་སོ་པདྨ་འོད་དུ་དྲོངས༔
    བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
    ༀ་ཨཱཿ ཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
    སྟེང་ནས་ཉི་ཟླ་གཟའ་སྐར་ཆོ་འཕྲུལ་ཟློགས༔
    འོག་ནས་ས་བདག་ཀླུ་གཉན་གདུག་རྩུབ་ཟློགས༔
    བར་ནས་བཙན་དང་མ་མོའི་གནོད་པ་ཟློགས༔
    འབྱུང་བ་བཞིའི་ནད་རིམས་ཐམས་ཅད་ཀྱི་ཁ་ཐུམས༔
    ཕྱོགས་བཞི་མཚམས་བརྒྱད་ཀྱི་མཐའི་དམག་དཔུང་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔
    ༧མ་འོངས་འགྲོ་བའི་སེར་སྐྱ་ཐམའ་ཅད་ཀྱིས༔
    གསོལ་འདེབས་འདི་ལ་རྟག་ཏུ་བརྩོན་གྱུར་ན༔
    ནད་གདོན་དུས་མིན་འཆི་བའི་ཀེག་ལས་ཐར༔
    གཟུགས་ཅན་གཟུགས་མེད་གདོན་བགེགས་ཐམས་ཅད་ཞི༔
    ཕྱི་མ་ཨོ་རྒྱན་ང་ཡི་ཐུགས་རྗེས་བཟུང་༔
    འདི་ཡིད་གཉིས་ཐེ་ཚོམ་མ་ཟ་ཞིག༔
    པདྨ་ང་ཡི་སྙིང་གཏམ་ཡིན་པར་ངེས༔
    ས་མ་ཡ༔ རྒྱ་རྒྱ་རྒྱ༔
    རིག་འཛིན་འཇིགས་མེད་ནུས་ལྡན་རྡོ་རྗེས་གཏམ་རྒྱལ་རྡོ་ཐི་གངས་དཀར་གྱི་བསེའུ་འོ་མའི་མཚོ་ནང་ནས་གདན་དྲངས་པའོ༔

Komentáře •