Tibetan Song | སེམས་པ་སྐྱིད་པོ་མིན་འདུག་གྲོགས་པོ། | གནམ་ལྕགས་རོལ་ཚོགས། | Namchak Band

Sdílet
Vložit
  • čas přidán 11. 09. 2024
  • #tibet #tibetan #tibetanmusic #tibetansong #Namchakband
    #karaoke #2024 #lyrics #lyricvideo #rockstar #rockmusic
    གཞས། སེམས་པ་སྐྱིད་པོ་མིན་འདུག་གྲོགས་པོ།
    ལེན་མཁན། གནམ་ལྕགས་རོལ་ཚོགས།
    སེམས་པ་སྐྱིད་པོ་མིན་འདུག་གྲོགས་པོ།
    དངོས་གནས་སྐྱིད་པོ་མིན་འདུག་གྲོགས་པོ།
    ད་ང་ཚོ་ཨར་ཁང་གཅིག་ནང་འཛོམས་ཀས།
    སྦིར་རག་ཞིམ་པོ་གཅིག་བཏུང་ཀས།
    མི་ཚེའི་སྙིང་པོ་ཕུགས་བསམ་རེ་བ།
    སྦིར་རག་ནང་དུ་བླུགས་ནས་ཞབས་དག་བརྒྱབ།
    ང་ལ་དགའ་གིས་མ་གསུངས་དང་བུ་མོ།
    ངའི་སེམས་ནང་རྨ་མང་པོ་བཟོས་མྱོང་བུ་མོ།
    ད་ང་ལ་དབང་ཟེར་ན་དབང་མེད། རྒྱུ་ཟེར་ན་རྒྱུ་མེད།
    ང་རྒྱབ་རྩ་མེད་པ་དབང་ཆ་མེད་པ་ལས་ཁུངས་ནང་གི་ཉམ་ཆུང་བུ་ཞིག་ཡིན།
    སང་ཉིན་ཐང་རིང་འགྲོ་དགོས་བསམ་བྱུང་།
    ཐག་རིང་པོར་འགྲོ་དགོས་བསམ་བྱུང་།
    ངའི་རྨི་ལམ་ནང་གི་ས་ཆ། མཛེས་སྡུག་ལྡན་པའི་ས་ཆ།
    ངས་ཐང་དཀར་རྒོད་པོའི་ཤོག་རྩལ་གཡར་ནས་ས་ཆ་འདི་རུ་འཕུར་རྒྱུ་བྱུང་ན་བསམ་བྱུང་།
    དེ་རིང་ནས་བཟུང་ངས་ཚང་མ་ཤེས་སོང་།
    ངས་དུས་ཚོད་འདུག་ཟེ་བསྐྱལ་རྒྱུ་མིན་འདུག
    ངས་ཕུགས་བསམ་རེ་བ་སྒྲུབ་པའི་ཆེད་དུ།
    དུས་ནམ་ཡང་སེམས་ཤུགས་བློ་ལ་བཅངས་།
    ངའི་རྨི་ལམ་ནང་གི་ས་ཆ། མཛེས་སྡུག་ལྡན་པའི་ས་ཆ།
    ངས་ཐང་དཀར་རྒོད་པོའི་གཤོག་རྩལ་གཡར་ནས་ས་ཆ་འདི་རུ་འཕུར་རྒྱུ་བྱུང་ན་བསམ་བྱུང་།
    ང་ཐང་དཀར་རྒོད་པོ་མ་རེད།
    ང་བྱིའུ་ཆུང་འཇོལ་མོ་མ་རེད།
    ང་ལ་གཤོག་རྩལ་མེད་ཀྱང་གསུང་སྙན་མེད་ཀྱང་འགྱོད་སེམས་གང་ཡང་མེད།
    སེམས་པ་སྐྱིད་པོ་མིན་འདུག་གྲོགས་པོ།
    དངོས་གནས་སྐྱིད་པོ་མིན་འདུག་གྲོགས་པོ།
    ད་ང་ཚོ་ཨར་ཁང་གཅིག་ནང་འཛོམས་ཀས།
    སྦིར་རག་ཞིམ་པོ་གཅིག་བཏུང་ཀས།
    མི་ཚེའི་སྙིང་པོ་ཕུགས་བསམ་རེ་བ།
    སྦིར་རག་ནང་དུ་བླུགས་ནས་ཞབས་དག་བརྒྱབ།
    སེམས་ལ་བདེ་བ་ཐོབ་སོང་གྲོགས་པོ།

Komentáře • 8

  • @taidelek9994
    @taidelek9994 Před 6 měsíci +1

    Sempa kepo song 😊

  • @gontajam913
    @gontajam913 Před 6 měsíci +1

    Great one plz put more music, ki ki so so lha gyalo

  • @rigdol027
    @rigdol027 Před 6 měsíci +1

    གཞས་འདི་དངོས་གནས་སྙན་བྱུང་ལ་ཐུགས་རྗེ་ཆེ།
    Thanks for the rock song! It’s amazing ❤

  • @karmathinley7083
    @karmathinley7083 Před 6 měsíci +1

    ✊🤘

  • @Zey909
    @Zey909 Před 6 měsíci +1

    ❤❤❤

  • @dreamadventure8220
    @dreamadventure8220 Před 6 měsíci +1

    🎉🎉🎉🎉

  • @yeshipalden6800
    @yeshipalden6800 Před 4 měsíci

    😎😎😎😎😎