༼འདན་མའི་རྟ་ཇག༽ ལེའུ་གཉིས་པ། སྒྲུང་པ།རྡོ་རྐོ་ངག་དབང་དགེ་ལེགས།

Sdílet
Vložit
  • čas přidán 20. 09. 2022
  • སྒྲུང་པ།རྡོ་རྐོ་ངག་དབང་དགེ་ལེགས།
    ༼འདན་མའི་རྟ་ཇག༽ནི་གླིང་གེ་སར་རྒྱལ་པོའི་སྒྲུང་ཧོར་གླིང་གཡུལ་འགྱེད་ལས་གླིང་བློན་ཆེན་འདན་མ་བྱང་ཁྲ་དེས་ཧོར་དམག་མི་སྐར་ཚོགས་བཀྲམ་འདྲིའི་ཀློང་ནས་དཔའ་དྲགས་རྩལ་ཀུན་ལས་རྫོགས་པ་ངོམ།ཧོར་དམག་མི་གྲངས་མེད་བསད་རྨས་བཏང་།རྟ་མདོ་བ་ཁྲི་ཁྲག་བཅོམ་ནས་གླིང་ལ་ལོག་པའི་བརྗིད་རྔམ་ཀྱི་རྣམ་པ་ཞིག་དངོས་སུ་བཀོད་ཡོད། རྣམ་པ་དེ་ནི་ངེད་ཅག་གིས་ཆ་རྒྱུས་ཆེ་བའི་རྒྱ་སྒྲུང་༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད༽གྱི་ཚད་ལས་བརྒལ་བ་སྨོས་ཅི་དགོས། འདན་མའི་རྟ་ཇག༽ནི་གླིང་གེ་སར་རྒྱལ་པོའི་སྒྲུང་སྤྱིའི་ནང་ནས་དམངས་ཁྲོད་དུ་དར་ཁྱབ་ཆེས་རྒྱ་ཆེ་བའི་དུམ་བུ་ཞིག་ཡིན། ང་ཚོས་ལེ་ཚན་ནང་གི་ངོ་མཚར་བའི་གཏམ་རྒྱུད་ལོགས་སུ་ཞོགས། ལར་ནང་དུ་འདུས་བཞིན་པའི་བོད་སྐད་ཡིག་གི་དཔེ་རྒྱན་དང་སྤྲས་ཆོས། ཤིན་དུ་ཕྱུག་ཀྱང་མཚོན་ནུས་ལྡན་བའི་དམངས་ཁྲོད་ཀྱི་གཏམ་དཔེ། མ་ཚད་འཚོ་བའི་ཡོད་བྱེད། གཡུལ་བྱེད་ཀྱི་གོ་ཆ། ཁྱད་ཆོས་ལྡན་པའི་ཁྲབ་རྨོག་དང་གྱོན་གོས་སོགས་ཀྱི་ཐག་སྙད་སྣ་མང་བརྗོད་ཀྱིས་མི་ལང་བས། གསན་མཁན་གྲོགས་པོ་རྣམས་ལ་"བོད་སྐད་ཡིག་ནི་དེ་འདྲ་ཁྱད་པར་འཕགས་པ་རེད་ཨང་།"ཅེས་པའི་ཚོར་བ་ཟབ་མོ་ཞིག་སྣང་མེད་ཀྱིས་སྟེར་ངེས།་་གལ་ཏེ་ཁྱེད་ཉིད་ཀྱིས་ཆེད་བསྒྲིགས་ནང་གི་ཐ་སྙད་རེ་གཉིས་ལ་ངོས་ཟིན་པ་དང་ཚིག་ཀ་རེ་གཉིས་བཤད་ཐོབ་ན། སྙིང་ཉེ་བའི་གྲོགས་པོ་ལགས། དེ་དུས། ཁྱེད་ཉིད་ལྷུན་གྱིས་རླབས་ཆེན་གྱི་རིག་གནས་ཞིག་གིས་ཡིད་སེམས་ཀུན་ནས་འགུག་འགྲོ་་།
  • Zábava

Komentáře • 4