Tibetan Song | བདེ་མོ། | Demo | ཟླ་བཟང་རྒྱ་མཚོ། | Dasang Gyatso | Tibetan Music House Production

Sdílet
Vložit
  • čas přidán 11. 09. 2024

Komentáře • 2

  • @jamyangmonlam6692
    @jamyangmonlam6692 Před 4 měsíci

    Amazing 💞

  • @tibmusichouse
    @tibmusichouse  Před 4 měsíci

    གཞས། བདེ་མོ།
    ལེན་མཁན། ཟླ་བཟང་རྒྱ་མཚོ།
    བདེ་མོ། ༼ ༣ ༽
    བདེ་མོ། ༼ ༣ ༽
    བདེ་མོ། ༼ ༣ ༽
    བདེ་མོ། ༼ ༣ ༽
    བདེ་མོ།
    བདེ་མོ། ༼ ༣ ༽
    ཁྱེད་རང་སྐུ་ཁམས་བདེ་ལེགས་སམ།
    བདེ་མོ། ༼ ༣ ༽
    ཁྱེང་རང་སྐུ་ཁམས་བདེ་ལེགས་སམ།
    བདེ་མོ།
    ཨ་ཕས་ཡུན་རིང་ལ་ལག་འཇུས།
    བདེ་མོ་ཟེར།
    ཨ་མའི་འཛུམ་དཀར་སོ་ཕྲེང་བར་ནས།
    བདེ་མོ་ལ་ཟེར།
    ཡུན་རིང་མ་མཐོང་པའི་ཡུལ་མི།
    ཁྱེད་བདེ་མོ་ཡིན་ནམ།
    མི་རྟག་ཕུང་བོ་ལ་བདེ་བའི་དུས་ཤིག་མེད་ཟེར་ཡང་།
    བཏུང་བ་རྫ་ཆུ་ཟིལ་མ་ཡིན་པས་བདེ།
    གྱོན་པ་ཨ་འཇམ་ཚ་རུ་ཡིན་པས་དྲོ།
    ལྟ༌བ་འཚེ་མེད་བདེ་ཡིན་པས་སྐྱིད།
    ལྡོང་གི་ལ་མོ་ལེན། ངས་གླུ་ཞིག་ལེན།
    སེམས་པ་བདེ་ན་བདེ་བ་ཡི་མཆོག་ཡིན།
    བདེ་མོ་ཡིན་མིན་ང་ལ་ལབ་ཆོག
    བདེ་བའི་ལམ་ཞིག་ང་རང་ཚོས་འཚོལ་ཡ།
    སེམས་ལ་འཁོར་བའི་གྲོགས།
    མིག་ལ་ཐོགས་པའི་མི།
    སྐྱིད་དུས་རྟ་ཕོ་མཉམ་ཞོན།
    རྟ་འདོ་བ་མཉམ་ཞོན།
    སྡུག་དུས་ཁུར་བོ་མཉམ་ཁུར།
    སྡུག་ཁུར་བོ་མཉམ་ཁུར།
    ཁྱེད་རང་བདེ་མོར་སྡོད།
    བདེ་མོ། ༼ ༣ ༽
    བདེ་མོ། ༼ ༣ ༽
    བདེ་མོ། ༼ ༣ ༽
    བདེ་མོ། ༼ ༣ ༽
    བདེ་མོ།
    གླུ་ལེན་ན་ཁུ་བྱུག་གྲགས་གྲགས་བྱེད།
    བྱ་ཁུ་བྱུག་སྐད་ལ་འགག་རྒྱུ་མེད།
    ངས་འགག་རྒྱུ་མེད་པའི་གླུ་ཞིག་ལེན།
    ཁྱེད་བདེ་མོར་སྡོད།
    ངས་གླུ་ཞིག་ལེན།
    ལྷམ་སྒྲོགས་སྒྱོགས་དང་ང་ཚོས་མཉམ་དུ།
    རང་ལ་འཚམ་པའི་ལམ་བུ་ཞིག་བགྲོད་ཐུབ་པའི་སྙིང་སྟོབས་ཤིག་ནམ་ཡང་བསྐྱེད།
    ལས་ལ་བསམ་དོན་འགྲུབ་ཐུབ་པའི་ངས་སྨོན་ལམ་བརྒྱབ་ཡོད།
    ལུས་ལ་ནད་མེད་ཕྱུག་ལ་གཡང་གིས་སྲུང་།
    གཡང་ལ་བཅུད་ཆགས་བསོད་ནམས་དཔལ་གྱིས་ཁྱབ།
    ཁ་ལ་ཚ་བའི་ཚིག་རྣ་ལ་གཟན་པའི་གཏམ་ཡིན།
    རྣ་ལ་གཟན་པའི་གཏམ་ཁ་ལ་ཚ་བའི་སྨན་ཡིན།
    བདེ་མོ། ༼ ༣ ༽
    བདེ་མོ། ༼ ༣ ༽
    བདེ་མོ། ༼ ༣ ༽
    བདེ་མོ། ༼ ༣ ༽
    བདེ་མོ།
    བདེ་མོ། ༼ ༣ ༽
    ཁྱེད་རང་སྐུ་ཁམས་བདེ་ལེགས་སམ།
    བདེ་མོ། ༼ ༣ ༽
    ཁྱེང་རང་སྐུ་ཁམས་བདེ་ལེགས་སམ།