༄༅། །ཡང་སྟེང་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་ལྷན་དུ་སེམས་ཁམས་རིག་པའི་སྐོར་བཅར་འདྲི།

Sdílet
Vložit
  • čas přidán 29. 11. 2020
  • ཡང་སྟེང་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི་ཁམས་འདབ་པར་ཕྱི་ལོ་༡༩༧༩ ལོར་འཁྲུངས་ཞིང། ལོ་ན་བཅུ་སོན་པ་དང་ཡང་སྟེང་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་འདུག།དེ་ནས་ཕྱི་ལོ་ ༡༩༩༠ ལོར་རྒྱ་གར་དུ་འབྱོར་ནས་སེ་ར་སྨད་མཐོ་སློབ་ཏུ་རྒྱལ་རོང་མཁན་ཟུར་རིན་པོ་ཆེ་དང་སྒོ་སོག་རིན་པོ་ཆེ་ལ་སོགས་པའི་སྐྱེས་ཆེན་དམ་པའི་དྲུང་ནས་གྲུབ་མཐའ་དང་གཏན་ཚིགས་རིགས་པ་དང་འདུལ་བ་དང་མངོན་པའི་སྡེ་སྣོད་སོགས་ལ་སློབ་སྦྱོང་གནང་རྗེས་ཕྱི་ལོ་ ༢༠༠༥ ལོར་དགེ་ཤེས་ལྷ་རམ་པ་མཐར་སོན་གནང་འདུག
    དེ་ནས་ལོ་གཉིས་རིང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་རྒྱུད་སྡེ་ཁག་ལ་སློབ་སྦྱོང་གནང་བའི་སྐབས་སུ་རེ་བསྐུལ་གནང་དོན་བཞིན་དཔལ་༧རྒྱལ་བ་ཀརྨ་པ་མཆོག་གི་མཚན་ཞབས་གནང་འདུག། ཕྱི་ལོ་ ༢༠༠༨ ལོར་འཛམ་གླིང་ཞི་བདེའི་དད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ལྟར་སྐུ་སྒེར་ཡིག་ཚང་དུ་གྲྭ་བཙུན་གྱི་སྡོམ་པ་འབོག་སྩོལ་དང་༧གོང་ས་མཆོག་གི་གསུང་འཕྲིན་དང་རྩོམ་བྲིས་རྣམས་ཕྱོགས་སྒྲིག་བྱེད་རྒྱུའི་སོགས་ཀྱི་ཐོག་ལ་ཕྱག་ལས་གནང་བཞིན་ཡོད་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་གི་ཐུགས་ཀྱི་དགོངས་བཞེད་ལྟར་སེར་སྐྱ་ཕོ་མོར་ནང་ཆོས་ངོ་སྤྲོད་ཀྱང་གནང་དང་གནང་མུས་ཡིན་འདུག་

Komentáře •